ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨཱ་ཡིར་ལེནྜ་དང་ ཉི་ཧོང་ དེ་བཞིན་ རྒྱ་ནག་བཅས་ནས་ཡིན་པའི་ཚན་རིག་པ་གསུམ་གྱིས་ དུག་སྦྲང་དང་ སྦྲང་འབུ་ནག་པོ་ཞིག་ལས་བྱུང་བའི་འདར་ཚད་དང་ མིག་ལོང་བྱེད་ཀྱི་ནད་གཞི་བཅས་བཅོས་རྒྱུའི་སྨན་གསར་པ་བཟོས་ཏེ་ མི་ས་ཡ་མང་པོའི་ཚེ་སྲོག་སྐྱོབ་ཐུབ་པའི་བྱས་རྗེས་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་རྒྱུའི་ཆེད་དུ་ གསོ་དཔྱད་སྨན་རིག་གི་ཐད་འདི་ལོའི་ནཱོ་བྷལ་གཟེངས་རྟགས་ དེ་བཞིན་ཁོང་གསུམ་ལ་ཕུལ་བ་ཡིན་ཞེས་གཟའ་ཟླ་བའི་ཉིན་ སུ་ཝི་ཌན་གྱི་རྒྱལ་སའི་ནང་ ནཱོ་བྷལ་གཟེངས་བསྟོད་ཀྱི་འགན་འཛིན་རྣམས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད་ གཟེངས་རྟགས་ཐོབ་མཁན་ཚན་རིག་པ་གསུམ་པོ་དེ་རྣམས་ནི་ འཁྲུངས་ཡུལ་ཨཱ་ཡིར་ལེནྜ་ཡིན་པ་སྐུ་ཞབས་ཝི་ལིཡམ་ ཀེམ་བྷལ་དང་ ཉི་ཧོང་བ་སྐུ་ཞབས་སཱ་ཏཱོ་ཤཱིས་ ཨཽ་མུ་རཱ་དང་ རྒྱ་ནག་ནས་ཡིན་པ་ཡོ་ཡོ་ཏཱུ་བཅས་ཡིན་ཞིང་ རྒྱ་མོ་ཁོང་ནི་ གསོ་དཔྱད་སྨན་རིག་གི་ཐད་ནཱོ་བྷལ་གཟེངས་རྟགས་ཐོབ་མཁན་རྒྱ་རིགས་དང་པོ་དེ་ཡིན་པ་རེད།

XS
SM
MD
LG