ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

མ་སུ་རི་སློབ་གྲྭར་སྐུའི་གྱ་སྟོན་སྲུང་བརྩི་ཞུས་ཡོད་པ།


རྒྱ་གར་བྱང་ཕྱོགས་མ་སུ་རི་ནང་རྟེན་གཞི་བྱས་པ་བོད་ཕྲུག་ཁྱིམ་སྡེ་དང་།་དབུས་འཛིན་སྐྱོང་ཚོགས་པའི་གཏན་འཇགས་སློབ་གྲྭ་གཉིས་ཀྱི་གཙོས་པས་་་ དེ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་བཅུ་མཉམ་འབྲེལ་ཐོག་༧སྤྱི་ནོར་༧གོང་ས་ ཏཱ་ལའི་བླ་མ་མཆོག་ད་ལོ་དགུང་གྲངས་༨༠ཐམ་པར་ཕེབས་པའི་སྐུའི་གྱ་བསྟོན་གྱི་རྟེན་འབྲེལ་མཛད་སྒོ་ཞིག་གནང་ཡོད་དེ་ནི་ འདི་ཟླའི་ཚེས་༢་གཟའ་པ་སངས་ནས་འགོ་འཛུགས་ཀྱིས་གཟའ་ཉི་མ་བར་ ཉིན་གསུམ་རིང་གི་གྱ་སྟོན་མཛད་སྒོ་དེའི་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཐཽག་སློབ་གྲྭ་ཁག་གི་དབར་བགྲོ་གླེང་དང་། གཞས་སྣ་དང་རྩེད་འགྲན་སོགས་འགྲན་བསྡུར་བྱས་ཏེ་ དེ་རིང་གཟའ་ཉི་མའི་ཉིན་སྐུའི་གྱ་བསྟོན་གྱི་མཛད་ སྒོ་དེ་་རྒྱལ་དགའི་ངང་མཇུག་སྒྲིལ་ཡོད་འདུག དེའི་སྐོར་མ་སུ་རི་བོད་ཁྱིམ་དྲུང་ཆེ་གཞོན་པ་སྐུ་ཞབས་དགེ་འདུན་རིན་ཆེན་ལགས་དང་།སློབ་ཕྲུག་གཉིས་ལ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG