ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་ཀེམ་བྷིརྗི་གཙུག་ལག་སློབ་གཉེར་ཁང་དུ་བགྲོ་གླེང་གི་མཛད་འཆར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ དེང་སྐབས་དབྱིན་ཡུལ་དུ་ཞབས་སོར་འཁོད་དེ་ མཛད་དོན་རྒྱ་ཆེ་ཞིག་བསྐྱངས་དང་སྐྱོང་བཞིན་པ་ཡིན་ཞིང་ ཕྱི་ཟླ་དགུ་པའི་ཚེས་༡༦ རེས་གཟའ་ལྷག་པའི་ཉིན་ ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཀེམ་བྷིརྗི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་ཞིག་གི་ནང་ རྩོད་རྙོག་འདུམ་འགྲིག་དང་ཆིག་སྒྲིལ་ དེ་བཞིན་ ཁོར་ཡུག་བཅས་ཀྱི་བརྗོད་གཞིའི་ཐད་ མཁས་པའི་བགྲོ་གླེང་ཞིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG