ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨཽ་བྷ་མ་ཡིས་སེ་རི་ཡ་དང་རྒྱ་ནག་གི་གནད་དོན་ཐད་གཞུང་དམག་རྣམས་དང་གླེང་མོལ།


ར་ཤི་ཡ་གཞུང་གིས་ དམག་དོན་ཐད་སློབ་སྟོན་བྱེད་མཁན་དྲག་པོའི་མི་སྣ་དང་ མཚོན་ཆ་སོགས་སེ་རི་ཡེའི་ནང་བཏང་བའི་རྐྱེན་གྱིས་ མངའ་ཁུལ་དེའི་ནང་ལག་ལེན་བསྟར་རྒྱུའི་ཨ་མི་རི་ཀའི་དམག་དོན་ཐབས་བྱུས་ལ་འགྱུར་བ་གང་ཡང་འགྲོ་རྒྱུ་མིན་ནའང་ ར་ཤི་ཡས་ སེ་རི་ཡེའི་སྲིད་འཛིན་བྷ་ཤར་ ཨལ་ ཨཱ་སདྷ་ལ་རྒྱབ་སྐྱོར་བྱེད་པ་ལ་བརྟེན་ནས་ སེ་རི་ཡེའི་ནང་འཁྲུག་གི་དཀའ་རྙོག་སེལ་རྒྱུ་དཀའ་ཚེགས་སྔར་བས་ཆེ་རུ་ཕྱིན་པ་རེད་ཅེས་ ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ ཨཽ་བྷ་མ་མཆོག་གིས་གསུངས་པ་དང་འབྲེལ་ ར་ཤི་ཡ་གཞུང་གི་ཐག་གཅོད་དེ་ནི་ ཧ་ཅང་གི་ནོར་འཁྲུལ་ཆེན་པོ་རེད་ཅེས་གསུངས་ཡོད་འདུག་ སྲིད་འཛིན་མཆོག་གི་གཏམ་བཤད་དེ་དག་ནི་ དེ་སྔ་ཕྱི་ལོ་༢༠༠༡ལོའི་ཟླ་བ་༩པའི་ཚེས་༡༡ཉིན་ འཇིགས་བསྐུལ་རིང་ལུགས་པས་ཨ་མི་རི་ཀར་རྒོལ་བརྡུང་ཚབས་ཆེ་བཏང་སྟེ་ མི་གྲངས་སུམ་སྟོང་སྐོར་ཞིག་རྐྱེན་ལམ་དུ་ཕྱིན་པའི་ཐབས་སྐྱོའི་གནས་ཚུལ་བྱུང་སྟེ་ མི་ལོ་ཧྲིལ་པོ་བཅུ་བཞི་འཁོར་བའི་དུས་དྲན་གྱི་ཉིན་ འདི་ག་རྒྱལ་ས་ཝ་ཤིང་ཀྲོན་གྱི་ཉེ་འཁོར་དམག་སྒར་ཞིག་ཏུ་གནང་བ་ཞིག་ཡིན་པ་དང་ དེར་ཡོད་དམག་མི་རྣམས་ཀྱིས་སྲིད་འཛིན་ཨཽ་བྷ་མ་མཆོག་ལ་ རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་སྒེར་གཉིས་ཀའི་དྲ་རྒྱའི་ནང་ལྐོག་ཏུ་འཛུལ་ཏེ་ གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་གནད་དོན་ལ་གདོང་ལེན་བྱེད་ཕྱོགས་དང་ དཀྱིལ་ཤར་ཁུལ་ནས་སྐྱབས་བཅོལ་བ་འབོར་ཆེན་ཡུ་རོབ་ཀྱི་ནང་འབྱོར་བཞིན་པའི་གནད་དོན་ དེ་བཞིན་ རང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་ལ་གདོང་ལེན་བྱེད་ཕྱོགས་དང་ སྲིད་འཛིན་སྐུ་སྒེར་གྱི་གནད་དོན་སོགས་མང་པོའི་ཐད་བཀའ་འདྲི་ཞུས་ཡོད་པ་རེད།

XS
SM
MD
LG