ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གཞུང་གིས་ཨ་རིའི་རོལ་གཞས་མཁས་པ་བྷོན་ཇཱོ་ཝི་ཡི་འཁྲབ་སྟོན་བཤོལ་དུ་བཅུག་པ།


འཛམ་གླིང་ཐོག་སྙན་གྲགས་ཆེ་བའི་ཨ་མི་རི་ཀ་བ་རོལ་གཞས་མཁས་པ་བྷོན་ ཇཱོ་ཝི་ཡིས་འགོ་ཁྲིད་པའི་རོལ་གཞས་རུ་ཁག་གིས་ གཟའ་འཁོར་རྗེས་མ་རྒྱ་ནག་གི་ནང་འཁྲབ་སྟོན་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ནི་ རུ་ཁག་དེས་རྒྱ་ནག་གི་ནང་འཁྲབ་སྟོན་བྱས་པ་ཐོག་མ་དེ་ཆགས་རྒྱུ་ཡིན་མོད་ འོན་ཀྱང་ རྒྱ་ནག་གཞུང་གིས་ རྒྱུ་མཚན་གསལ་པོ་འགྲེལ་བརྗོད་གང་ཡང་མ་བྱས་པར་ གློ་བུར་དུ་ཁོང་ཚོའི་འཁྲབ་སྟོན་དེ་བཤོལ་དུ་བཅུག་ཡོད་པ་རེད་ གསར་འགྱུར་བརྒྱུད་ལམ་འགའ་ཞིག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན་ དེ་སྔ་ཕྱི་ལོ་༢༠༡༠ལོར་ བྷོན་ ཇཱོ་ཝི་རོལ་གཞས་རུ་ཁག་གིས་ཐེ་ཝན་གྱི་ནང་འཁྲབ་སྟོན་ཞིག་བྱེད་པའི་སྐབས་ རྒྱབ་ལྗོངས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་ཀྱང་བསྟན་ཡོད་པ་ རྒྱ་ནག་གཞུང་གི་རིག་གཞུང་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་སྟེ་ ད་རེས་སྐུ་ཞབས་བྷོན་ ཇཱོ་ཝི་ཡིས་པེ་ཅིང་དང་ ཧྲང་ཧེ་ནང་བྱ་རྒྱུའི་འཁྲབ་སྟོན་དེ་ཚོ་ཕྱིར་འཐེན་བྱེད་དུ་བཅུག་པ་ཞིག་ཡིན་པ་རེད།

XS
SM
MD
LG