ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྲིམས་རྩོད་པ་ཕུའུ་ཀྲེད་བྱང་གནས་སྐབས་གློད་བཀྲོལ་ཡོང་ཐབས་ལ་དོན་འབྲས་མ་བྱུང་བ།


རྒྱ་ནག་ནང་སྐད་གྲགས་ཡོད་པའི་ཐོབ་ཐང་རྩོད་ལེན་ཐད་ཀྱི་ཁྲིམས་རྩོད་པ་ཕུའུ་ཀྲེད་བྱང་གི་ཁྲིམས་རྩོད་པས་ཁྲིམས་ཞིབ་སྒུག་རྒྱུན་རིང་གཏའ་མ་བཞག་སྟེ་གློད་བཀྲོལ་ཡོང་ཐབས་ཀྱི་སྙན་ཞུ་ལ་རྒྱ་ནག་གཞུང་གི་ཁྲིམས་ཁང་གིས་ཁས་ལེན་བྱས་མེད་པ་རེད་ རྒྱ་ནག་གི་ཁྲིམས་ནང་འགྱོད་འཛུགས་ཕོག་པའི་མི་སུ་རུང་ཞིག་ལ་ཁྲིམས་ཁང་ནས་དུས་ཚིགས་གཏན་འཁེལ་བྱས་པ་བཞིན་ཁྲིམས་ཞིབ་བྱེད་མ་ཐུབ་པའི་སྐབས་སུ་ཁྲིམས་ཞིབ་སྒུག་རྒྱུན་རིང་གཏའ་མ་བཞག་སྟེ་གློད་བཀྲོལ་གཏོང་ཆོག་པ་བཀོད་ཡོད་པ་དང་དེ་བཞིན་ཁྲིམས་ཞིབ་མ་བྱས་པའི་བར་དུ་ནག་ཉེས་ཅན་ཞིག་མིན་པ་བཀོད་ཡོད་པ་བཅས་ལ་བརྟེན་ནས་སྙན་ཞུ་ཕུལ་ཀྱང་དོན་འབྲས་བྱུང་མེད་པའི་སྐོར་ཁོང་གི་ཁྲིམས་རྩོད་པས་འགྲེལ་བརྗོད་གནང་འདུག

XS
SM
MD
LG