ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡུལ་བྱོལ་བར་སྐྱབས་བཅོལ་སྤྲོད་ཚེ་དྲག་སྤྱོད་ཚོགས་པར་རྒྱལ་ཁ་འཐོབ་རྒྱུ།


ཕ་རཎ་སི་གཞུང་གིས་སི་རི་ཡ་དང་ཨི་རག་ནས་ཁ་ཆེ་མཐར་ལྷུང་དྲག་སྤྱོད་རུ་ཚོགས་ Islamic State ཟེར་བའི་སྡུག་སྦྱོང་བཏང་བའི་རྐྱེན་གྱིས་ཡུལ་བྱོལ་བའི་མི་ཚང་མ་ངོས་ལེན་བྱེད་རྒྱུ་ནི་ནོར་འཁྲུལ་ཡིན་པ་དང་། རྩ་བའི་དཀྱིལ་ཤར་རྒྱལ་ཁབ་ཁག་ཏུ་དཀའ་རྙོག་ཆེན་པོ་ཡོད་ཀྱང་། ནང་ཁུལ་དུ་ཆོས་ལུགས་འདྲ་མིན་ཡོད་པ་དེ་མུ་མཐུད་གནས་ཆེད་ཡོ་རོབ་ཀྱིས་འཆར་གཞི་གཏིང་དགོས་ཞེས་གསུངས་འདུག གཟའ་མིག་དམར་ཉིན་གྲོང་ཁྱེར་པེ་རི་སི་རུ། རྒྱལ་ཁབ་དྲུག་ཅུ་ཙམ་གྱི་སྐུ་ཚབ་འཛོམས་ཏེ་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཕྱོགས་དང་། དཀྱིལ་ཤར་རྒྱལ་ཁབ་ཁག་གི་གཞུང་གིས། ས་གནས་ཀྱི་གྲངས་ཉུང་མི་རིགས་རྣམས་ལ་ཆབ་སྲིད་ཀྱི་ཐག་གཅོད་བྱེད་རྒྱུའི་དབང་ཚད་ཆ་སྙོམས་དགོས་པ། འགྲོ་བ་མིའི་རིགས་ལ་ནག་ཉེས་བསགས་པ་རྣམས་ལ་ཁྲིམས་ཆད་ཆག་ཡང་གཏོང་རྒྱུ་མེད་ལུགས་སྐོར་གྲོས་བསྡུར་བྱས་ཤིང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG