ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གྲྭ་བློ་བཟང་སྐལ་བཟང་གིས་བོད་ལ་རང་དབང་དགོས་པའི་སྐད་འབོད་བྱས་རྗེས་འཛིན་བཟུང་བྱས་འདུག



རེས་གཟའ་ཟླ་བའི་ཉིན་བོད་ཀྱི་ས་ཁུལ་ཨ་མདོ་རྔ་པའི་ནང་ཀིིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་བོད་ལ་རང་དབང་དགོས། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་བརྒྱབས་ནས་དུས་ཚོད་ཐུང་ཙམ་སོང་རྗེས་རྒྱ་ནག་གི་ཉེན་རྟོག་མི་སྣ་ཡོང་སྟེ་འཛིན་བཟུང་བྱས་འདུག་པའི་སྐོར། ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་དོན་ལ་ རང་ལོ་ ༡༩ ཡིན་པ་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་རྔ་པ་རྫོང་མཁར་གྱི་སྲང་ལམ་ནས་བོད་ཁ་བ་ཅན་ལ་རང་དབང་དགོས། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་གནང་ནས་སྔ་ས་ནས་འགྲེམས་འཇོག་བྱས་པའི་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་འདུག་ཀྱང་། དེ་རྗེས་ཀྱི་གནས་ཚུལ་ཇི་བྱུང་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག ཁོང་གིས་མུ་མཐུད་གསུངས་དོན་ལ་ གྲྭ་བློ་བཟང་སྐལ་བཟང་ལགས་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་ཁ་དོག་དཀར་དམར་གྱི་འཛིན་གྲྭ་ཐོན་ཙམ་ཡིན་པ་དང་། ཁོང་གི་ནང་མི་སྤུན་ཉེ་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་སོགས་གནང་སྟེ་འཛིན་བཟུང་བཙོན་འཇུག་གི་ཉེས་ཆད་མྱོང་བཞིན་ཡོད་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

XS
SM
MD
LG