ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཇར་མི་ནི་ནང་སྐྱབ་བཅོལ་བ་འབྱོར་བ་རྣམས་ལ་ས་གནས་ཀྱི་ཡུལ་མིས་དགའ་བསུ་ཞུས་ཡོད་པ།


རེས་གཟའ་ཉི་མའི་སྔ་དྲོ་ཡང་བསྐྱར་སྐྱབས་བཅོལ་བ་ཆིག་སྟོང་ལྷག་ཙམ་ཞིག་ ཇར་མི་ནིར་འབྱོར་ཡོད་པ་དང་ ས་གནས་ཀྱི་ཡུལ་མི་རྣམས་ཀྱིས་དགའ་བསུའི་འབོད་ཚིག་འཁོད་པའི་ཡིག་བྱང་འཁྱེར་བ་དང་ ཟ་བཅའ་དང་འཐུང་ཆུ་སྤྲད་པ་སོགས་བྱས་ཏེ་ སྐྱབ་བཅོལ་བ་དེ་རྣམས་ལ་དགའ་བསུའི་སྣེ་ལེན་ཞུས་ཡོད་ཅིང་ དེ་ནི་ རེས་གཟའ་སྤེན་པའི་ཉིན་དེ་གར་ སྐྱབས་བཅོལ་བ་བདུན་སྟོང་ལྷག་འབྱོར་བའི་རྗེས་སུ་བྱུང་བ་ཞིག་ཀྱང་ཡིན་པ་རེད་ དེང་སྐབས་དམག་འཁྲུག་གི་གོད་ཆགས་ཆེན་པོ་འབྱུང་བཞིན་པའི་དཀྱིལ་ཤར་ཡུལ་གྲུ་སཱི་རིཡ་དང་ ཨི་རག་ལ་སོགས་པ་དང་ ཨབ་ག་ནིས་ཏན་དང་ ཨ་ཕྷི་རི་ཀའི་ཡུལ་གྲུ་ཁག་ཅིག་བཅས་ནས་མི་གྲངས་སྟོང་ཕྲག་མང་པོ་ ཡུ་རོབ་ཀྱི་ནང་སྐྱབས་བཅོལ་ལ་ཡོང་གི་ཡོད་པ་དེ་ནི་ འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་བཟུང་ གླིང་ཆེན་དེར་སྐྱབས་བཅོལ་བའི་དཀའ་ངལ་འཕྲད་ཚབས་ཆེ་ཤོས་ཤིག་ཡིན་པ་རེད།

XS
SM
MD
LG