ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་དང་ཨ་རིའི་གསང་བའི་གནས་ཚུལ་རྐུ་འཁྱེར།


ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀའི་ཚན་རིག་ལག་རྩལ་དང་དམག་དོན། དཔལ་འབྱོར་དང་ཚོང་ལས། ཐ་ན་ཨ་མི་རི་ཀའི་དབུས་གཞུང་གི་ལས་བྱེད་པའི་ལོ་རྒྱུས་བཅས་གསང་བའི་གནས་ཚུལ་ཤོག་གྲངས་ས་ཡ་མང་པོ་དྲ་ལམ་བརྒྱུད་ནས་རྐུ་འཁྱེར་བྱས་ཡོད་ཅིང་། དྲ་ལམ་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་པ་མང་པོ་ཞིག་རྒྱ་ནག་དང་ཨུ་རུ་སུ་ནས་ཡོང་གི་ཡོད་པས། ཨ་མི་རི་ཀའི་ཚོང་ལས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ཅིག་དང་མི་མང་སྒེར་པ་ཁག་ཅིག་ལ་ཨ་མི་རི་ཀའི་གཞུང་གིས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འག་རྒྱུའི་བསམ་གཞིག་བྱེད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG