ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ཀྲེ་ཅཱང་ཞིང་ཆེན་ཁུལ་དུ་སྤྱི་ལོ་༢༠༡༣ལོ་ནས་ཡུ་ཤུའི་ལྷ་ཁང་གི་ཡང་སྟེང་དུ་ཡོད་པའི་ཡུ་ཤུའི་མཚོན་རྟགས་རྒྱ་གྲོམ་མར་ཕབ་དགོས་ཞེས་བཙན་བཀའ་བཏང་བ་དང་ཡང་ཁྲིམས་འགལ་གྱི་ལྷ་ཁང་རེད་ཅེས་བརྗོད་པ་སོགས་དྲག་གནོན་གྱི་སྲིད་ཇུས་ཤིག་སྤེལ་བ་ནས་བཟུང་ད་ལྟའི་བར་ཡུ་ཤུའི་ལྷ་ཁང་1200ལྷག་སྒོ་བརྒྱབ་ཡོད་འདུག དེ་བཞིན་ད་ལྟའི་ཆར་ཀྲེ་ཅཱང་ཞིང་ཆེན་གྱི་ཝིན་ཀྲུའུ་གྲོང་ཁྱེར་རུ་ཡུ་ཤུའི་ལྷ་ཁང་ལ་རྒོལ་རྡུང་གི་སྲིད་ཇུས་ཤིག་སྤེལ་བཞིན་པ་ དེ་ཚོར་ཁྲིམས་མཐུན་གྱི་ངོ་རྒོལ་བྱེད་མཁན་འགྲོ་བ་མིའི་ཐོབ་ཐང་ཁྲིད་རྩོད་པ་དང་ཡུ་ཤུའི་ཆོས་པ་ཚོར་ཁྲིམས་མཐུན་གྱི་སློབ་སྟོན་གནང་མཁན་ཞིག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་ཁོང་གི་གནས་སྟངས་ད་དུང་ཡང་ཤེས་རྟོགས་མེད་པ་རེད།

XS
SM
MD
LG