ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ནང་ཕྱི་རྒྱལ་བ་བསྐྱོད་རྒྱུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱ་རྒྱུ་ཡིན་པ།


རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཞེས་པ་དེ་འགོ་འཛུགས་བྱས་ཏེ་ལོ་ངོ་༥༠ འཁོར་བའི་དུས་དྲན་མ་སླེབས་གོང་། བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་རྒྱུ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག འདི་ལོའི་ཟླ་བ་དགུ་པའི་ཕྱི་ཚེས་༡ ཉིན། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་པ་དེ་འགོ་འཛུགས་བྱས་ཏེ་ལོ་ངོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་གཟབ་རྒྱས་ཤིག་བོད་ཀྱི་རྒྱལ་ས་ལྷ་སར་གོ་སྒྲིག་བྱ་རྒྱུའི་འཆར་འདིང་བཞིན་ཡོད་པ་ལྟར། རིང་མིན་ཟླ་བ་དགུ་པའི་གཟའ་འཁོར་འགའ་ཤས་ཀྱི་རིང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་བ་བསྐྱོད་རྒྱུ་རྒྱ་ནག་གཞུང་གིས་བཀག་སྡོམ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག གཞི་རྐང། ཕྱི་རྒྱལ་ཡུལ་སྐོར་བ་ཚོ་བོད་ལ་བསྐྱོད་མི་ཆོག་པ་བཟོ་དགོས་དོན་དང་། དུས་ཡུན་ཇི་ཙམ་རིང་ཡུལ་སྐོར་བར་དམ་དྲག་དེ་གནས་མིན་རྒྱ་ནག་གཞུང་གིས་གསལ་བཤད་ཇི་ཡང་བྱས་མེད་རུང་། གནད་དོན་དཔྱད་ཞིབ་པ་ཚོས་ཚོད་དཔག་བྱས་དོན་ལ། བོད་རང་སྐྱོང་ལྗོངས་འགོ་བཙུགས་པའི་དུས་དྲན་གྱི་བྱེད་སྒོ་ཁག་ལ་བརྟེན་ནས་ཡུལ་སྐོར་བར་དམ་དྲག་དེ་བྱས་ཡོད་སྲིད་ལུགས་འགྲེལ་བརྗོད་གནང་བཞིན་ཡོད་པ་རེད།

XS
SM
MD
LG