ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གིས་ལ་དྭགས་མི་མང་ཚོས་ནང་ཆོས་སློབ་བྱེད་སྟངས་ལ་བསྔགས་བརྗོད་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དགོན་ཆེན་བཅོ་བརྒྱད་ཀྱི་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཆིབས་སྒྱུར་གནང་ནས་ལ་དྭགས་ཀྱི་སྐྱ་སེར་ཚོས་ནང་ཆོས་ལ་སློབ་གཉེར་བྱེད་རྒྱུར་ཤུགས་བརྒྱབས་པ་དེར་གྲུབ་འབྲས་གང་ལེགས་ཡོང་གི་འདུག་ཅེས་བསྔགས་བརྗོད་གནང་འདུག་པ་དང་། ལ་དྭགས་དགོན་པ་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བློ་བཟང་བསམ་གཏམ་ལགས་ཀྱིས་གསུངས་དོན་ལ་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་གོང་ལ་དྭགས་སུ་ཕེབས་སྐབས་ཕྱག་འཚལ་ཕྱག་འཚལ་ཞེས་བཤད་མ་བསྡད་པར་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེ་བ་དང་། དེ་ཡང་གྲྭ་བཙུན་ཙམ་མིན་པར་སྐྱ་བོ་ཚོས་ཀྱང་ནང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་གལ་ཆེ་སྐོར་བཀའ་སློག་གནང་བ་བཞིན་ལ་དྭགས་མི་མང་དང་ལྷག་པར་ན་གཞོན་ཚོའི་ཁོངས་ནས་ནང་ཆོས་ལ་སློབ་སྦྱོང་བྱེད་ཚུལ་ཡར་རྒྱལ་གང་ལེགས་བྱུང་འདུག་པར་བསྔགས་བརྗོད་གནང་གི་ཡོད་ཅེས་གསུངས་སོང་ཅེས་འགྲེལ་བརྗོད་གནང་གི་འདུག ཡང་ཁོང་གིས་མུ་མཐུད་གསུངས་དོན་ལ་ རེས་གཟའ་ལྷག་པའི་ལ་དྭགས་རི་རྒྱུད་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་རྟེན་འབྲེལ་ཆེད་སྟོན་མོ་ཆེ་མོ་ཞིག་བཤམས་སོང་བ་དང་།འདུག སྐབས་དེ་རཁོང་རྣམས་ཀྱིས་༧གོང་ས་མཆོག་ལ་དྭགས་ལ་ཞབས་སོར་རིམ་པར་བཀོད་པ་དེས་ལ་དྭགས་མི་མང་མཐུན་ལམ་ཡོང་རྒྱུ་སོགས་གང་ཅིར་ཕན་ཐོགས་དངོས་སུ་བྱུང་ཡོད་པ་བཞིན་མ་འོངས་པར་ལོ་ལྟར་ཆིབས་སྒྱུར་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུས་ཡོད་པ་རེད།

XS
SM
MD
LG