ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སི་ཀོ་ཌེ་ལན་ཌེ་ཡི་བློན་ཆེན་མཆོག་གིས་རྒྱ་ནག་ནང་གི་བེུད་ཀྱི་ཐོབ་ཐང་སྐོར་གཏམ་བཤད།


སི་ཀོ་ཌེ་ལན་ཌེ་ཡི་གཞུང་འཛིན་བེུད་བློན་ཆེན་དང་པོ་ལྕམ་ ནེ་ཀོ་ལ་སེ་ཌར་ཇིན་ནས་རྒྱ་ནག་ནང་དུ་གཟིགས་སྐོར་གནང་བཞིན་ཡོད་པ་དང་ རྒྱ་ནག་གི་གཞུང་འཛིན་ལས་བྱེད་པ་དང་ཤེས་ཡོན་ཅན་ ཚོང་པ་སོགས་ནང་གིས་གནས་ཡོད་བེུད་བརྒྱ་ལྷག་ཙམ་ཞིག་དང་ལྷན་འཛོམས་ཀྱི་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་དགོས་རྒྱུའི་སྐོར་གཏམ་བཤད་གནང་ཡོད་པ་དང་ ཨ་རིའི་སྲིད་འཛིན་ཟུར་པའི་ལྕམ་ཁེ་ལིན་ཌོན་གྱིས་ལོ་ཉི་ཤུའི་གོང་པེ་ཅིང་དུ་འཛམ་གླིང་བེུད་ཚོགས་ཆེན་ཐེངས་བཞི་པའི་ཐོག་ལ་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་རེད་ཅེས་པ་དེ་ལུང་དྲངས་ཏེ་བེུད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་དགོས་རྒྱུ་ནན་བརྗོད་གནང་ཡོད་པ་རེད།

XS
SM
MD
LG