ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཤེགས་པར་རྒྱལ་སྤྱིའི་ལན་འདེབས།


སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་ནང་འདས་སྐུ་བཤེགས་པའི་རྗེས། རྒྱལ་སྤྱིའི་སྲིད་གཞུང་ཁག་གཅིག་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་འབོད་སྐུལ་ལ་རྒྱ་ནག་གིས་ཉན་འཇོག་མ་བྱས་ཁོང་གི་སྐུ་ཕུང་དང་གདུང་ཐལ་ནང་མི་ལ་མ་སྤྲད་པར་བརྟེན་ནག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཉན་འཇོག་དེ་ཙམ་བྱེད་ཀྱི་མེད་པའི་རྣམ་པ་གསལ་དུ་སོང་ཡོད་པ་རེད། ཐེངས་འདིའི་གངས་རིའི་བྲག་ཅེའི་ལེ་ཚན་ནང་། ལེ་ཚན་གཙོ་སྐྱོང་བ་ཡེ་ཤེ་རྡོ་རྗེ་ལགས་ཀྱིས་ཁེ་ན་ཌའི་ཕྱི་སྲིད་ལས་ཁུངས་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག བོད་རིག་པའི་གཙུག་ལག་སློབ་དཔོན་ཞིག་སོགས་ལ་གནད་དོན་འདིའི་ཐད་ཀྱི་་ལྟ་ཚུལ་བཅར་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པ་དུམ་བུ་གཉིས་པ་དེ་གཤམ་ལ་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG