ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གསུམ་པ།


ཕྱི་ལོ་༢༠༡༥་ཟླ་༧་ཚེས་༢༧་ཉིན་གྱི་ཕ་ཡུལ་གླེང་སྟེགས་ནང་། རྒྱལ་རོང་ཚོ་བདུན་ཀིརྟིའི་དགོན་དུ་ཀིརྟིའི་གདན་ས་གོང་འོག་གི་ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་གསུམ་པ་འཚོགས་པའི་སྐོར་ལ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞུས་པ་ཡིན།། ཕར་ཕྱིན་དབྱར་ཆོས་ཆེན་མོ་དེ་ནི་ཕྱི་ལོ་༢༠༡༥་ཟླ་༧་ཚེས་༩་ཉིན་འགོ་འཛུགས་ཀྱིས་ཉིན་ཉི་ཤུའི་རིང་འཚོག་བཞིན་པ་དང་། ཀིརྟི་ཚང་གི་གདན་ས་ཆེ་ཁག་སྟག་ཚང་ལྷ་མོ་ཀིརྟིའི་དགོན། རྔ་པ་ཀིརྟིའི་དགོན། ཚོ་བདུན་ཀིརྟིའི་དགོན། ཧོར་ཚང་ཀིརྟིའི་དགོན་བཞིའི་ཕར་ཕྱིན་ལོ་རིམ་གཉིས་པ་ནས་ལྔ་བའི་བར་གྱི་འཛིན་གྲྭ་བཞིའི་སློབ་གཉེར་བ་གང་ཡོད་གཙོ་བྱས། མདོ་སྟོད་སྨད་ཀྱི་དགོན་སྡེ་གཞན་ནས་ཕེབས་པ་བཅས་ཁྱོན་སློབ་གཉེར་བ་སུམ་བརྒྱཙམ་འདུ་འཛོམས་བྱུང་ཡོད།། དེ་ཡང་༸སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་བསྩལ་གནང་མཛད་པའི་བཅའ་ཡིག་རིན་པོ་ཆེའི་དགོངས་དོན་ལྟར་ཐོས་བསམ་སློབ་གཉེར་ཆེད་ཁོ་ནར་དམིགས་ཏེ། ཀིརྟིའི་གདན་ས་ཆེ་ཁག་བཞིར་རེས་མོས་བྱས་ནས་༸རྗེ་ཙོང་ཁ་བས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་ཐོག་དམིགས་བསལ་གྱི་སློབ་གཉེར་གནང་རྒྱུའི་ཉིན་ཉི་ཤུའི་རིང་ཚོགས་དགོས་པའི་ཉི་ཤུའི་ཆོས་ཐོག་ཞིག་ཡིན་ལ། ད་ལོར་ཕར་ཕྱིན་དབྱར་ཆོས་ཐེངས་གསུམ་པ་ཆགས་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG