ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྙིང་རྩ་འགགས་ནས་གྲོངས་པ་རེད་ཟེར།


རྒྱ་ནག་གི་གཞུང་གཉེར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། བོད་ཀྱི་ཆབ་སྲིད་བཙོན་པ་སྙན་གྲགས་ཅན་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་དུ་སྙིང་རྩ་འགགས་ཏེ་འདས་གྲོངས་སུ་གྱུར་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་ཅིང་། འདས་པའི་ཉིན་ཤས་རིང་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་སྒྲིག་འཛུགས་ཁག དེ་བཞིན་འཛམ་གླིང་གི་ས་ཁུལ་གང་སར་བོད་པ་དང་བོད་དོན་རྒྱབ་སྐྱོར་པ་ཚོས་ལས་འགུལ་སྣ་མང་ཞིག་སྤེལ་ཏེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་ནག་གི་བཙོན་ཁང་དུ་གང་འདྲ་བྱས་ནས་སྐུ་གྲོངས་ཡོད་མེད་དང་། ཁོང་སྐུ་གྲོངས་དགོས་པའི་རྒྱུ་རྐྱེན་ཅི་ཡིན་སོགས་ཞིབ་ཕྲའི་གནས་ཚུལ་ཁག་རྒྱ་ནག་གཞུང་གིས་གསལ་བཤད་བྱ་དགོས་ཞེས་དགོས་འདུན་བཏོན་འདུག དེར་བརྟེན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་གཞུང་གཉེར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྙིག་རྩ་འགགས་ཏེ་འདས་གྲོངས་སུ་ཕྱིན་པ་རེད་ཅེས་གནས་ཚུལ་སྤེལ་མོད། ཡིན་ནའང་བོད་དོན་ལས་འགུལ་བ་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སློབ་མ་ཚོས་རྒྱ་གཞུང་གི་གསལ་བཤད་དེར་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG