ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་སྔོན་ཕྱི་ཟླ་༢་ཚེས་༢༣་ནས་ཚེས་༢༥་བར་དུ་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་རྒྱ་གར་ལ་འཚམས་འདྲིར་ཕེབས་ཀྱང་། སྐབས་དེར་རྒྱ་གར་དང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་དེ་ལ་དོ་སྣང་བྱས་མེད་ཅིང་། དེ་རིང་ཕྱི་ཟླ་༧་ཚེས་༦་ཉིན་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཐོག་མར་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་དེ་ཁ་ཆེ་དྲག་ཐལ་པ་དང་དུད་ནག་ཉོ་ཚོང་བཀག་སྡོམ་བྱེད་པར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་དུ་བཙུགས་པ་དང་། ད་ལྟ་སྒྲིག་འཛུགས་དེའི་ཁོངས་སུ་རྒྱ་གར་དང་པ་ཀི་སི་ཐན་གཉིས་མཉམ་ཞུགས་བྱ་འཆར་ཡོད་པས། ཕྱི་ལོ་༢༠༠༡་ལོར་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་གསར་དུ་བཙུགས་ནས་བཟུང་སྟེ་དམག་དོན་སྒྲིག་འཛུགས་དེར་རྒྱ་སྐྱེད་བྱུང་བ་ཐེངས་དང་པོ་ཡིན་ཞེས་བཤད་པ་དང་། ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་སུ་རྒྱ་ནག་དང་ཨུ་རུ་སུ། ཏ་ཇིཀ་སི་ཐན་དང་ཨུ་ཟི་བྷེ་ཀི་སི་ཐན། ཁ་ཟཀ་སི་ཐན་དང་ཀིར་ཀི་སི་ཐན་བཅས་ཡོད་པ་དང་། བདུན་ཕྲག་རྗེས་མར་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱང་ཧྲང་ཧེ་མཉམ་འབྲེལ་སྒྲིག་འཛུགས་ཁོངས་སུ་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG