ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡེ་ཤུའི་བླ་ཆེན་པོབ་མཆོག་གིས་གནམ་གཤིས་འགྱུར་ལྡོག་བཀག་འགོག་ཡོང་ཐབས་འབོད་བསྐུལ།


རེས་གཟའ་ཕུར་བུའི་ཉིན། ཡེ་ཤུའི་བླ་ཆེན་པོབ་ཕྷི་རན་སིསི་མཆོག་གིས་ གནང་པའི་ཡོངས་ཁྱབ་གསུང་འཕྲིན་གནང་པའི་ནང་། མི་རྣམས་ཀྱིས་ བག་མེད་ལོངས་སྤྱོད་བྱེད་དྲགས་པ་དང་། འགན་འཁུར་མ་བླང་པའི་འཛུགས་ བསྐྲུན་གྱི་ལས་གཞི་ལག་བསྟར་བྱེད་དྲགས་པའི་རྐྱེན་གྱིས། གོ་ལའི་གནམ་གཤིས་ ལ་ཚབས་ཆེའི་འགྱུར་ལྡོག་དང་། ཁོར་ཡུག་ལ་གནོད་ཚབས་ཆེན་པོ་ཡོང་བཞིན་ ཡོད་ལུགས་སྐྱོན་བརྗོད་གནང་པ་དང་ཆབས་ཅིག གནམ་གཤིས་ཚ་དྲོད་ཅི་ཆེ་ རྒྱས་བའི་དཀའ་རྙོག་དང་། ཁོར་ཡུག་འབག་བཙོག་ཏུ་གྱུར་པའི་དཀའ་རྙོག་ འདི་དག་ལ་གདོང་ལེན་བྱ་རྒྱུའི་ཆེད་དུ། ཆབ་སྲིད་དང་དཔལ་འབྱོར། སྒེར་གྱི་ མི་ཚེ་སྐྱེལ་སྟངས་སོགས་ཕྱོགས་ཡོངས་ནས་འགྱུར་བ་གཏོང་ཐུབ་རྒྱུར། འཛམ་ གླིང་ཡོངས་རྡོག་རྩ་གཅིག་ཏུ་བསྒྲིལ་བའི་བྱ་ཐབས་ལག་བསྟར་བྱེད་དགོས་པའི་འབོད་བསྐུལ་ནན་པོ་གནང་ཡོད་པ་རེད།

XS
SM
MD
LG