ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན།


འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༧་གྱི་ཆེས་མཐོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་དེ་འཇར་མན་ཎིའི་སྤྲོ་གསེང་ས་ཁུལ་ཞིག་ཏུ་ཚོགས་ཡོད་ཅིང་། དེ་རིང་ཚོགས་འདུ་ཉིན་གཉིས་པ་དེར་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་སའི་གོ་ལའི་ཚ་དྲོད་རྒྱས་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་ཐན་པ་དང་ཆུ་ལོག དྲག་ཆར་རླུང་འཚུབ་སོགས་རང་བྱུང་ཁམས་ཀྱི་གནད་འཚེ་བསྟུད་མར་འབྱུང་གི་ཡོད་པ་འགོག་ཐབས་བྱ་དགོས་པ་དང་། མ་འོངས་པར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་ཁག་གིས་རྡོ་སྣུམ་དང་རྡོ་སོལ། རྡུལ་ཕྲན་ནུས་པ་སོགས་ལ་བརྟེན་མི་དགོས་པར་རླུང་དང་ཉི་འོད་སོགས་རང་བྱུང་གི་ནུས་པར་བརྟེན་དགོས་པ་དང་། ད་དུང་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཎ་ཇི་རི་ཡ་དང་ཐུ་ཎི་ཤི་ཡ། དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཨི་རཀ་བཅས་ལ་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས་པ་ཚོར་སྟོབས་ཤུགས་རྒྱས་ཏེ། འཛམ་གླིང་འདིར་འཇིགས་སྐུལ་རིང་ལུགས་པའི་ཉེན་ཀ་ཆེ་རུ་འགྲོ་སྲིད་པར་འགོག་རྒོལ་བྱ་དགོས་པའི་གྲོས་གཞི་བཏོན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG