ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

གྱ་སྟོན་མཛད་རིམ་ལ་འགྱུར་བ་ཕྱིན་པ།


༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བརྒྱད་བཅུ་ལ་ཕེབས་པའི་ལོ་འདིར། རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་སྤྱི་ཟླ་དྲུག་པའི་ཚེས་༢༡ཉིན་སྐུའི་གྱ་སྟོན་གཟབ་རྒྱས་ཤིག་གནང་གཏན་འཁེལ་ཡོད་ཅིང་དང་ཐོག་གི་གྱ་སྟོན་མཛད་སྒོའི་ཉིན་མོའི་མཛད་རིམ་ཁག་ལ་ཕྲན་བུ་འགྱུར་བ་ཕྱིན་ཡོད་པའི་སྐོར། ས་གནས་ནས་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་གྱི་བརྟན་བཞུགས་ཀྱི་ཞུ་སྒོ་ཆ་ཚང་ཨ་རིའི་རླུང་འཕྲིན་ཁང་གིས་ཕྱི་ཟླ་དྲུག་པའི་ཚེས་༢༡་ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་ཆུ་ཚོད་གསུམ་རིང་གི་དམིགས་བསལ་ཀུན་གླེང་ལས་རིམ་ནང་ཐད་གཏོང་བྱ་རྒྱུ་ཡིན་པས་ཚང་མས་དོ་སྣང་གནང་བར་ཞུ། གྱ་སྟོན་བརྟན་བཞུགས་ཀྱི་ལེ་ཚན་དེ་ནི་བོད་ནང་གི་ཕྱི་ཟླ་དྲུག་པའི ཚེས་༢༡ གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠དང་ཕྱེད་ཀ་ནས་འགོ་ཚུགས་རྒྱུ་ཡིན་པ་དང་། རྒྱ་གར་གྱི་སྔ་དྲོའི་བརྒྱད་པ་ནས་འགོ་འཛུགས། དེ་བཞིན་དུ་དྲ་ལམ་ནས་བལྟ་མཁན་རྣམས་ཀྱིས་ཨ་རིའི་ནང་གི་ཕྱི་ཟླ་དྲུག་པའི་ཚེས་༢༠ གཟའ་སྤེན་པའི་ཉིན་གྱི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ས་ཁུལ་གྱི་དགོང་མོའི་ཆུ་ཚོད་༡༠་དང་ཕྱེད་ཀ་ནས་ཨ་རིའི་རླུང་འཕྲིན་ཁང་གི་དྲ་རྒྱའི་སྟེང་ཐད་ཀར་རྒྱང་སྲིང་ལ་བལྟ་ཐུབ།

XS
SM
MD
LG