ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཁྷ་ཏར་ནང་ཡོད་བལ་པོའི་ལས་མི་རྣམས་ནང་མིའི་ཕུང་ཆོས་ཀྱི་ཆེད་རང་ཡུལ་ལ་ཕྱིར་ལོག་བྱེད་དུ་འཇུག་གི་མེད་པ།


མཚོ་ཁུག་རྒྱལ་ཁབ་ཁྷ་ཏར་ནང་ ཕྱི་ལོ་ཉིས་སྟོང་ཉི་ཤུ་རྩ་གཉིས་ལོར་ འཛམ་གླིང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་རྒྱུ་གཏན་འཁེལ་ཏེ་ དེ་གར་རྩེད་འགྲན་བྱ་ཡུལ་ཚོགས་ཁང་མང་པོ་ཞིག་གསར་རྒྱག་བྱེད་ཀྱི་ཡོད་པ་དང་ ཚོགས་ཁང་དེ་དག་རྒྱག་མཁན་ཕྱི་ནས་གླས་པའི་ལས་མི་འབུམ་ཕྲག་ཁ་ཤས་ཡོད་པ་དེ་དག་གི་ཁོངས་སུ་ བལ་ཡུལ་ནས་ཡིན་པའི་བལ་པོ་ཧ་ཅང་མང་པོ་ཡོད་པ་དེ་དག་ ཉེ་ཆར་ས་ཡོམ་གྱིས་གོད་ཆགས་བྱུང་བའི་རང་གི་ནང་མི་ཐུག་འཕྲད་དང་ སྲོག་སྐྱོན་བྱུང་བ་རྣམས་ཀྱི་ཕུང་ཆོས་བྱེད་པར་བསྐྱོད་རྒྱུར་ཡང་ ཁ་ཆེའི་རྒྱལ་ཁབ་དེའི་གཞུང་གིས་ཆོག་མཆན་སྤྲོད་ཀྱི་མེད་པར་ བལ་ཡུལ་གྱི་ལས་རྩོལ་བློན་ཆེན་གྱིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཏེ་ རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ངེས་པར་དུ་ ཁྷ་ཏར་གཞུང་ལ་དེའི་ཐད་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད།

XS
SM
MD
LG