ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་ལྟ་སྲུང་བྱ་བའི་ཐོབ་ཐང་ཡོད་ཟེར།


ཨ་མི་རི་ཀ་དང་ཉི་ཧོང་། ཨོ་སི་ཊེ་རེ་ལི་ཡ་དང་ཧྥི་ལི་པེན། གཞན་ཡང་དེ་མིན་གྱི་ཨེ་ཤིས་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་རྒྱལ་ཁབ་ཉི་ཤུས་ཞི་བདེ་རྒྱ་མཚོའི་ནང་དུ་ཆགས་ཡོད་པའི་ཨ་མི་རི་ཀའི་ཧ་བ་དབྱི་མངའ་སྡེའི་ཁུལ་དུ་ཆེས་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་སྦྱོང་བྱེད་བཞིན་ཡོད་ཅིང་། སྐབས་དེར་རྒྱ་ནག་གི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་བྱེད་པའི་ཨ་མི་རི་ཀའི་གནམ་གྲུ་ཞིག་རྒྱ་ནག་གསར་བཟོ་བྱས་པའི་གླིང་འཕྲན་ཁག་གི་མཁའ་དབྱིངས་ནས་ཕྱིར་ལོག་བྱ་དགོས་ཞེས་ཉེན་བརྡ་བཏང་བ་དང་། ཕྱི་ཚེས་༢༡་ཉིན་པེ་ཅིང་ནས་གནས་ཚུལ་ཐོན་པ་ལྟར་ན་རྒྱ་ནག་གཞུང་གིས་རང་ལ་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་དེར་སྐོར་སྲུང་བྱ་རྒྱུའི་ཐོབ་ཐང་ཡོད་ཅེས་བརྗོད་ཡོད་པ་རེད།།

XS
SM
MD
LG