ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲིད་བློན་མཱོ་དཱིའི་ལྷོ་ཀོ་རི་ཡའི་འཚམས་འདྲི་མཇུག་སྒྲིལ།


རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མཱོ་དཱིས་ལྷོ་ཀི་ཡའི་བཟོ་ཚོང་ཁང་ཆེ་ཁག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གནང་སྟེ། རྒྱ་གར་གཞུང་གིས་ལྷོ་ཀོ་རི་ཡའི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་སྲ་བརྟན་དང་ཁྲལ་བབ་ལམ་ལུགས་ཚོད་དཔག་ཐུབ་པ་བཟོས་ཏེ་རྒྱ་གར་ལ་ཚོང་ལས་གཉེར་བདེ་རུ་གཏོང་རྒྱུའི་འགན་ལེན་གནང་འདུག་ཅིང་། རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མཱོ་དཱི་ལྷོ་ཀོ་རི་ཡར་ཉིན་གཉིས་ཀྱི་གཞུང་འབྲེལ་འཚམས་འདྲིར་ཕེབས་པའི་ཉིན་མཐའ་མ་དེར་ལྷོ་ཀི་རི་ཡའི་བཟོ་ཚོང་ཁང་ཆེ་ཁག་གི་འགོ་ཁྲིད་ཚོའི་ལྷན་དུ་མཇལ་མོལ་ཚོགས་འདུ་ཚོགས་ཏེ། ཁོང་གིས་ང་ཚོས་རྒྱ་གར་གྱི་ངོ་གདོང་ལ་འགྱུར་བ་གཏོང་རྒྱུའི་ཆོད་སེམས་གསར་པ་ཞིག་འཆང་ཡོད། རྣམ་པ་ཚོས་ཚོང་ལས་གཉེར་ཕྱོགས་ལ་དཀའ་ངལ་ཡོད་པ་རྣམས་སེལ་ཐབས་ལ་སྲིད་བློན་མཱོ་དཱི་རང་གིས་ཐུགས་སྣང་གནང་གི་ཡིན་ཞེས་གསུངས་པ་མ་ཟད། ལྷོ་ཀོ་རི་ཡའི་སྲིད་འཛིན་པཀ་གྷེན་ཧེའི་ལྷན་དུ་མཇལ་མོལ་ཚོགས་འདུ་གནང་བའི་རྗེས་སུ་གསར་འགོད་ལྷན་ཚོགས་མཉམ་དུ་སྐོང་སྟེ། སྲིད་བློན་མཱོ་དཱིས་ལྷོ་ཀོ་རི་ཡ་དང་རྒྱ་གར་གཉིས་མང་གཙོའི་རྒྱལ་ཁབ་དང་དེང་རབས་ཀྱི་འཕྲུལ་རིག་ལག་རྩལ་ཐོག་ཏུ་འཇོན་ཐང་ཆེ་བའི་རྒྱལ་ཁབ་གཉིས་ཡིན། ད་ལམ་ང་ལྷོ་ཀོ་རི་ཡར་ཡོང་ཐུབ་པ་དེས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་འབྲེལ་བ་ཙམ་མིན་པར་མངའ་ཁུལ་གྱི་དམག་དོན་འཐབ་བྱུས་ལའང་མཉམ་ལས་བྱ་རྒྱུར་མོས་མཐུན་བྱུང་བར་དགའ་བོ་བྱུང་ཞེས་གསུངས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG