ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཨ་རི་དང་ཡུ་རོབ་ལས་ཁུངས་གཉིས་ཟུང་འབྲེལ་ཐོག་ཏུ་བལ་ཡུལ་གྱི་ས་ཡོམ་གོད་ཆག་མྱོང་བའི་མི་མང་གི་ཆེད་དུ་ཨ་སྒོར་ཁྲི་བརྒྱད་མ་ཟིན་ཙམ་ཞིག་འདུ་འགོད་ཐུབ་ཡོད་ཅིང་། ཟླ་བ་སྔོན་མའི་ཕྱི་ཚེས་༢༥་ཉིན་བལ་ཡུལ་ལ་ས་ཡོམ་འགུལ་ཤུགས་ཧ་ཅང་ཆེན་པོ་ཞིག་བརྒྱབ་སྟེ་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་བྱུང་འདུག བལ་ཡུལ་གྱི་ནང་པའི་དགེ་འདུན་པ་དང་བཙུན་མ། མི་སྐྱ་ཕོ་མོ་ཧ་ཅང་མང་པོས་མ་སྐུལ་དང་བླངས་ཀྱི་སྒོ་ནས་གོད་ཆག་ཕོག་པའི་མི་མང་ལ་ཛ་དྲག་གི་རོགས་སྐྱོབ་རྒྱ་ཆེན་པོ་ཞིག་གནང་གི་ཡོད་པ་མ་ཟད། འཛམ་གླིང་གི་ས་ཁུལ་གང་སར་ཡོད་པའི་བོད་པའི་ཚོགས་པ་དང་སྒྲིག་འཛུགས་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མི་མང་སྒེར་པ་བཅས་ཀྱིས་མཆོད་ཕུལ་སྨོན་ལམ་དང་དཔལ་འབྱོར་འདུ་འགོད་ཀྱི་ལས་དོན་ཆེ་ཕྲ་སྣ་མང་ཞིག་སྤེལ་འགོ་ཚུགས་ཏེ། ས་ཡོམ་གྱི་གོད་ཆག་མྱོང་བའི་བལ་པོའི་མི་མང་སྤྱི་དང་། ལྷག་པར་དུ་ཡུལ་དེར་གནས་སྡོད་བོད་པ་བཙན་བྱོལ་བ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེདཀྱི་ཡོད་པ་རེད། །

XS
SM
MD
LG