ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བལ་ཡུལ་ནང་བརྡབ་སྐྱོན་བྱུང་བའི་ཨ་རིའི་གནམ་གྲུ་རྙེད་སོན།


ཉེ་དུས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་ས་ཐོག་ཏུ་ངལ་སེལ་རོགས་སྐྱོབ་བྱེད་བཞིན་པའི་ཨ་རིའི་ཐད་འཕུར་གནམ་གྲུ་ཞིག་གར་སོང་མེད་དུ་གྱུར་པའི་ཆག་རོ་རྣམས་རྙེད་སོན་བྱུང་འདུག་ཅིང་། ཨ་རིའི་གཞུང་གིས་བལ་ཡུལ་ལ་རང་འབྱུང་ཁམས་ཀྱི་ས་ཡོམ་གོད་ཆག་མྱོང་བའི་མི་དམངས་ལ་ངལ་སེལ་རོགས་སྐྱོབ་བྱེད་པར་མཚོ་དམག་རུ་ཁག་ཅིག་དང་ཐད་འཕུར་གནམ་གྲུ། ཅ་དངོས་ལྗི་བ་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་ཁག་ཅིག་ཆེད་གཏོང་བྱས་པའི་གྲས་ནས་གནམ་གྲུ་ཞིག་གར་སོང་ཆ་མེད་དུ་གྱུར་རུང་། ད་ལྟ་གནམ་གྲུ་དེའི་ཆག་རོ་དང་མིའི་ཕུང་གསུམ་རི་ཟུར་ཞིག་ཏུ་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG