ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁོངས་བདག་རྩོད།


ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཚོམ་ཕལ་ཆེ་བ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་པེ་ཅིང་གི་དབང་འཛིན་པ་ཚོས་བདག་རྩོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་ཅིང་། ད་ལྟ་ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་ལ་འཐབ་འཛིང་གནམ་གྲུ་ཁྱེར་སྤྱད་དམག་གྲུ་ཆེན་པོའམ། ཡང་ན་ཨ་མི་རི་ཀའི་དམག་གྲུ་ཁག་ཅིག་བཏང་ནས་རྩོད་གཞི་ཅན་གྱི་ས་ཁུལ་དེར་འཁྲུག་རྩོད་ལང་སྲིད་པ་འགོག་ཐབས་བྱ་དགོས་མིན་བསམ་གཞི་བྱེད་ཀྱི་ཡོད་དང་། ཨ་མི་རི་ཀས་རྒྱ་ནག་གིས་བདག་རྩོད་བྱེད་ཀྱི་ཡོད་པའི་ས་ཆ་དེ་རྣམས་རྒྱ་ནག་གི་མངའ་ཁོངས་ཡིན་པར་ངོས་ལེན་བྱེད་ཀྱི་མེད་རུང་། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ང་ཚོས་ཨ་མི་རི་ཀའི་འཐབ་ཇུས་དེར་རྒྱབ་སྐྱོར་བྱ་མི་ཐུབ། ཨ་མི་རི་ཀའི་འབྲེལ་ཡོད་མི་སྣ་ཁག་ཅིག་གི་སྐད་ཆ་བཤད་སྟངས་དེར་ང་ཚོ་བློ་འཚབ་ཆེན་པོ་ཡོད། ཨ་མི་རི་ཀའི་ཕྱོགས་ནས་དེ་ལ་འགྲེལ་བཤད་གསལ་བོ་ཞིག་རྒྱག་དགོས་ཀྱིན་འདུག་ཅེས་གསར་འགོད་པ་ཚོར་ཁྱབ་བསྒྲགས་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG