ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་ལ་འབྲེལ་བ་ཡོད་པའི་ཁེ་ཎ་ཌའི་ཝན་ཁུ་ཝར་ས་གནས་སུ་རྟེན་གཞི་བྱས་པའི་གཏེར་ཁ་སྔོག་འདོན་བཟོ་ཚོང་ལས་ཁང་ཞིག་གི་ལས་དོན་སྒྲུབ་ཕྱོགས་ལ་སྐྱོན་བརྗོད་ཕོག་གི་ཡོད་ཅིང་། ཁེ་ཎ་ཌ་གཞུང་བཟོ་ཚོང་ལས་དེར་ཞིབ་དཔྱོད་བྱེད་པའི་ལས་འཆར་ཞིག་གི་ནང་དུ་མཉམ་ཞུགས་བྱ་རྒྱུར་མོས་མཐུན་བྱས་ཏེ། ཁེ་ཎ་ཌའི་གཞུང་གིས་ཝན་ཁུ་ཝར་ས་གནས་ཀྱི་གཏེར་ཁ་སྔོག་འདོན་བཟོ་ཚོང་ལས་ཁང་དེའི་ཐོན་སྐྱེད་ཕྱི་རྒྱལ་ཡུལ་ཁག་ཏུ་ཕྱིར་ཚོང་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་མིན་པ་རེད།

XS
SM
MD
LG