ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་བོད་ཕྱོགས་ཀྱི་ཇོ་མོ་གླང་མ་སྒོ་བརྒྱབ་ཡོད་པ།


འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ལ་ བོད་ཀྱི་ཕྱོགས་ནས་འཛེགས་རྒྱུ་བྱས་ཏེ་ རི་འཛེགས་པ་མང་པོ་ཞིག་དེ་གར་འབྱོར་ཡོད་ཀྱང་ བལ་ཡུལ་ནང་ བསྟོར་ཚབས་ཤིན་ཏུ་ཆེ་བའི་ས་ཡོམ་འགུལ་ཤུགས་རིམ་པ་བདུན་དང་གྲངས་ཆུང་བརྒྱད་བྱས་པ་ཞིག་བརྒྱབས་ཏེ་ མི་རྒྱུ་ཟོག་གསུམ་ལ་གནོད་སྐྱོན་ཧ་ཅང་ཆེན་པོ་བྱུང་ཡོད་སྟབས་ ད་ཆ་རྒྱ་ནག་གཞུང་གིས་ འདི་ལོ་དཔྱིད་ཀའི་རིང་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེག་ཏུ་འཇུག་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་སྟབས་ རི་འཛེགས་པ་དང་ཁོང་ཚོར་རོགས་པ་བྱེད་མཁན་ཤར་པ་བརྒྱ་ཕྲག་མང་པོ་ཡོད་པ་དེ་རྣམས་ སོ་སོའི་ཡོ་ཆས་བསྡུ་གསོག་བརྒྱབས་ཏེ་ རང་སར་ཕྱིར་ལོག་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད་ དེའི་བར་ན་ཡང་ བལ་ཡུལ་ནང་ཡོད་པའི་རི་འཛེགས་པ་འགའ་ཞིག་གིས་ཇོ་མོ་གླང་མར་འཛེགས་པར་ཕྱིར་ལོག་བྱ་རྒྱུའི་འཆར་གཞི་ཡོད་ལུགས་གསལ་བསྒྲགས་བྱས་ཡོད་པར་ རི་འཛེགས་པ་གཞན་གྱིས་སྐྱོན་བརྗོད་བྱས་ཏེ་ དེ་ནི་ས་ཡོམ་གྱིས་གོད་ཆག་ཆེན་པོ་བྱུང་བའི་བལ་ཡུལ་གྱི་མི་མང་ལ་གུས་ཞབས་མེད་པའི་བྱེད་སྟངས་ཤིག་རེད་ཅེས་རྗོད་ཀྱི་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG