ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་པན་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི།


ཨ་མི་རི་ཀའི་ནེའུ་ཡོག་དང་ནེའུ་ཇེར་སི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་པན་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་རྒྱ་ནག་གཞུང་ཚབ་ལས་ཁུངས་མདུན་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། དགོང་དྲོ་སྨོན་ལམ་ཚོགས་འཛོམས་གནང་ཡོད་པ། དེ་བཞིན་ ཨ་རིའི་མེ་ཊི་སན་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གྲོང་ཁྱེར་ནང་རྒྱང་བརྒྱུགས་འགྲན་བསྡུར་ཞིག་ལ་མཉམ་ཞུགས་བྱས་ཏེ་བོད་དོན་དྲིལ་བསྒྲགས་གནང་ཡོད་པ་དང་། ཕྱོགས་མཚུངས་ས་གནས་མི་མང་མཉམ་ཞུགས་ཡོད་པའི་སྨོན་ལམ་ཚོགས་འཛོམས་ཤིག་གོ་སྒྲིག་གནང་ཡོད་འདུག གཞན་ཡང་ཨ་རིའི་མེ་ནི་སོའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་དང་། པར་རིས་འགྲེམས་སྟོན་ཞིག་གནང་ཡོད་པ་རེད། བགྲོ་གླེང་མདུན་ལྕོག་ལས་རིམ་གྱིས་འབྲེལ་ཡོད་གསུམ་ལ་གདན་གོང་ཞུས་ལས་འགུལ་སྐོར་གླེང་མོལ་ཞུ་གི་རེད།

XS
SM
MD
LG