ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རེས་གཟའ་ཉི་མའི་ཉིན་ཉི་ཧོང་གི་སྲིད་བློན་ཨ་མི་རི་ཀར་ཕེབས་ཐོན་གནང་ཡོད་པ།


ཉི་ཧོང་དང་ཨ་མི་རི་ཀ་གཉིས་ཕན་ཚུན་ཚོང་དོན་དང་ རྒྱལ་སྲུང་གི་ལས་དོན་ཤུགས་ཆེ་རུ་གཏོང་ཐབས་སུ་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་ཨ་མི་རི་ཀ་ལ་བདུན་ཕྲག་གཅིག་གི་རིང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་ཆེད་དུ་རེས་གཟའ་ཉི་མའི་ཉིན་ཨ་མི་རི་ཀར་ཕེབས་ཐོན་གནང་ཡོད་པ་དང་ ཁོང་གིས་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོགས་འཛོམས་སར་གཏམ་བཤད་གནང་རྒྱུའི་འཆར་གཞི་ཡོད་པ་དང་ དེ་བཞིན་ ཁོང་ལ་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་ནང་གཞུང་འབྲེལ་གྱི་གསོལ་སྟོན་བཤམས་རྒྱུ་ཡིན་པ་མ་ཟད་ ཁོང་གིས་ཨར་ལིང་ཊོན་རྒྱལ་ཡོངས་དུར་སར་གཟིགས་ཞིབ་དང་ ཨ་མི་རི་ཀའི་ཚོང་དོན་མི་སྣ་དང་ གཞུང་འབྲེལ་མཐོ་རིམ་འགོ་ཁྲིད་ཁག་ཅིག་བཅས་དང་ཐུག་འཕྲད་གནང་འཆར་ཡོད་པ་རེད།

XS
SM
MD
LG