ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བྱང་ཀོ་རི་ཡ་ལ་རྡུལ་ཕྲན་གྱི་མཚོན་ཆ་ཚོད་དཔག་བྱས་པ་ལས་མང་བ་ཡོད་ལུགས་རྒྱ་ནག་གིས་གསལ་བརྡ།


དམར་ཤོག་བྱང་ཀོ་རི་ཡས་ རྡུལ་ཕྲན་གྱི་མཚོན་ཆ་བཟོ་བསྐྲུན་བྱས་པའི་ཁྱོན་འབོར་ནི་ མི་རྣམས་ཀྱིས་ཚོད་དཔག་བྱས་པ་ལས་ཀྱང་ཧ་ཅང་གི་མང་བ་ཡོད་ལུགས་ རྒྱ་ནག་གི་མཁས་པ་ཚོས་ ལོ་འདིའི་འགོ་སྟོད་དུ་ཨ་མི་རི་ཀར་བརྗོད་ཡོད་པ་རེད་ ཨ་མི་རི་ཀའི་ཝལ་སི་ཏྲིཌ་ཇར་ནལ་ཚགས་པར་གྱིས་གཟའ་ལྷག་པའི་ཕྱི་དྲོ་གནས་ཚུལ་ཞིག་སྤེལ་ཏེ་ རྒྱ་ནག་གཞུང་གིས་ཚོད་དཔག་བྱས་པར་གཞིགས་ན་ བྱང་ཀོ་རི་ཡར་ད་ལྟ་རྡུལ་ཕྲན་གྱི་རྩེ་མདེལ་༢༠ཙམ་ཞིག་ཡོད་པ་དང་ དེའི་ཐོག་རྡུལ་ཕྲན་གྱི་མཚོན་ཆ་བཟོ་བསྐྲུན་བྱ་རྒྱུའི་རྫས་རྒྱུ་(Uranium) བཟོ་འདོན་བྱ་རྒྱུའི་ནུས་པ་ཧ་ཅང་ཆེན་པོ་ཆགས་ཏེ་ དུས་སང་ཕྱི་ལོ་༢༠༡༦ལོར་ རྡུལ་ཕྲན་གྱི་རྩེ་མདེལ་བཟོས་པའི་ཁྱོན་འབོར་ད་ལྟ་ལས་ལྡབ་གཅིག་མང་དུ་འགྲོ་སྲིད་པའི་རྣམ་པ་ཡོད་པ་རེད་ ཚོད་དཔག་དེ་ཚོ་ནི་ ཨ་མི་རི་ཀས་བྱང་ཀོ་རི་ཡ་ལ་རྡུལ་ཕྲན་གྱི་མཚོན་ཆ་༡༠ནས་༡༦བར་ཡོད་པའི་ཚོད་དཔག་བྱས་ཡོད་པ་དེ་ལས་ཀྱང་ ཧ་ཅང་གི་མཐོ་བ་ཞིག་ཡིན་པ་མ་ཟད་ བྱང་ཀོ་རི་ཡར་ དངོས་འབྲེལ་རྡུལ་ཕྲན་གྱི་མཚོན་ཆ་ཕོན་འབོར་ཆེན་པོ་དེ་ལྟ་བུ་ཡོད་པ་ཡིན་ན་ དེ་ནི་ ཨ་མི་རི་ཀ་དང་ ཨ་མི་རི་ཀའི་མཐུན་ཕྱོགས་ཨེ་ཤི་ཡེའི་རྒྱལ་ཁབ་ཁག་གི་རྒྱལ་སྲུང་ལ་ཉེན་ཁ་ཆེན་པོ་བཟོ་གཞིའི་གནས་ཚུལ་ཅིག་ལོས་ཡིན།

XS
SM
MD
LG