ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

རྒྱ་ནག་གི་སྲིདའཛིན་ཞི་ཅིན་པིང་པྭ་ཀི་སེ་ཐན་ལ་ལྟ་བསྐོར་བྱ་རྒྱུ་ཡིན་པ།


རྒྱ་ནག་གཞུང་གིས། རང་གི་མཐུན་ཕྱོགས་རྙིང་ཤོས་ཤིག་ཡིན་པ་ པྭ་ཀི་སེ་ཐན་གྱི་ནང་དུ་ཨ་སྒོར་ཐེར་འབུམ་ ༤༦གི་མ་གནས་ནུས་ཤུགས་དང་ འཛུགས་བསྐྲུན་གྱི་ལས་འཆར་ཞིག་འགོ་འཛུགས་བྱ་རྒྱུའི་ཆེད་དུ། སྲིད་འཛིན་ཞི་ཅིན་པིང་གཟའ་འཁོར་རྗེས་མ་པྭ་ཀི་སེ་ཐན་ལ་གཟིགས་བསྐོར་གནང་རྒྱུ་ཡིན་པ་དང་། རྒྱུན་རིང་ནས་གྲོསབསྡུར་བྱས་དོན་ལྟར། སྐབས་དེར། པྭ་ཀི་སེ་ཐན་ལ་མཚོ་འོག་གྲུ་གཟིངས་བརྒྱད་ཚོང་སྒྱུར་བྱ་ཕྱོགས་སུ་མཐའ་མའི་ཐག་གཅོད་བྱ་རྒྱུ་ཡིན་པ་ རེད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། གོང་ཞུས་ཀྱི་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་འཆར་ཡོད་པ་དེར་ཨ་སྒོར་ཐེར་ འབུམ་བཞི་ནས་ལྔ་བར་གནས་ཀྱི་ཡོད་པ་རེད། པ་ཀི་སེ་ཐན་གྱི་ཕྱི་སྲིད་ལྷན་ཁང་ གིས་བརྗོད་དོན་ལྟར་ན། རྒྱ་ནག་གི་སྲིད་འཛིན་རེས་གཟའ་ཟླ་བ་དང་། མིག་དམར་གྱི་ཉིན་པྭ་ཀི་སེ་ཐན་ལ་ཕེབས་འཆར་ཡོད་པ་ཡིན་འདུག

XS
SM
MD
LG