ངོ་འཕྲད་བདེ་བའི་དྲ་འབྲེལ།

ཕྱི་ཟླ་༤་ཚེས་༡༥་ཉིན་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྩ་འཛིན་གནང་བཞིན་པའི་བོད་དོན་ཐག་གཅོད་ཀྱི་དབུ་མའི་ཐབས་ལམ་ལ་ཁ་རྡུང་དྲག་པོ་བཏང་སྟེ། བོད་ལྗོངས་འཛུགས་སྐྲུན་དེ་ཉིད་ཕྱིར་ལྡོག་མེད་པའི་ལོ་རྒྱུས་ཀྱི་དུས་རླབས་ཤིག་ཡིན་ཞིང་། ད་ལྟ་རྒྱ་ནག་གཞུང་གིས་ལག་ལེན་བསྟར་བཞིན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་སྲིད་ཇུས་ཁག་ཡང་དག་པ་ཞིག་ཡིན་ཞེས་རྒྱ་གཞུང་གིསསྤེལ་སྲོལ་ཡོད་པའི་བོད་དོན་གྱི་ཡིག་ཆ་དཀར་པོ་འགྲེམ་སྤེལ་པ་དང་། ད་ཐེེངས་ཀྱི་ཡིག་ཆ་དཀར་པོ་ཞེས་པའི་སྙན་ཐོ་དེའི་བརྗོད་བྱ་ཕལ་ཆེ་བ་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་ལ་སྐྱོན་བརྗོད་དང་བོད་ནང་ལ་ངན་སྐུལ་བྱས་ནས་དྲག་ཟིང་བསླངས་པ། ༧གོང་ས་མཆོག་གིས་དབུ་མའི་ལམ་ཁ་ལ་འཁྱེར་ནས་བོད་རང་བཙན་གྱི་ཀུན་སློང་དོར་མེད་ཅེས་བཀོད་པ་རེད།།

XS
SM
MD
LG