ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྤྱི་སྤྱོད་འགྲིམ་འགྲུལ་བྱ་ཡུལ་ཁག་གི་ནང་། བེུད་ལ་བཙན་ གཡེམ་བྱེད་པ་སོགས་ཆགས་སྲེད་ཀྱི་སྡུག་སྦྱོང་མནར་སྤྱོད་གཏོང་གི་ཡོད་པར། མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བཏིངས་བ་ ལ་བརྟེན་ནས། ཞག་༣༧ གྱི་རིང་དོ་དམ་བཀག་ཉར་བྱས་པའི་བེུད་ཀྱི་ཐོབ་ཐང་ དོན་གཉེར་བ་ལྔ་གཏའ་དངུལ་བཞག་སྟེ་གློད་བཀྲོལ་ཐོབ་པར། རྒྱ་ནག་ནང་གི་ འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་སྡེ་ཁག་གིས་དགའ་བསུ་ཞུ་གི་ཡོད་པ་ རེད།

ལོ་ན་གཞོན་པའི་བེུད་ཀྱི་ཐོབ་ཐང་དོན་གཉེར་བ་ལྔ་པོ་དེ་རྣམས་ནི། རྒྱ་ནག་གི་ བེུད་ཀྱི་ཐོབ་ཐང་ལས་དོན་ཚོགས་པ་ཞིག་གི་ཚོགས་མི་ཡིན་པ་དང་། ཁོང་ རྣམས་རྒྱལ་སྤྱིའི་བེུད་ཀྱི་ཉིན་མོའི་སྔ་ནུབ་ཏུ་འཛིན་བཟུང་བྱས་ཡོད་པ་རེད།

XS
SM
MD
LG