ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་སི་ཀྲོ་ལི་ཡར་གསར་དུ་འབྱོར་པའི་བོད་པ་རྣམས་སྔོན་ཆད་ཧི་མ་ལ་ཡའི་རི་ཁུལ་དུ་ཆགས་པའི་རང་ཡུལ་བོད་དང་། དེའི་རྗེས་སུ་རྒྱ་གར་གྱི་སྐྱབས་བཅོལ་བའི་སྤྱི་ཚོགས་སུ་འཚོ་གནས་བྱས་ཏེ། ཁོ་ཚོ་རྒྱ་མཚོའི་འགྲམ་དུ་འཚོ་གནས་བྱས་པའི་ཉམས་མྱོང་མེད་ཅིང་། དེང་སྐབས་ཨཱོ་སི་ཀྲོ་ལི་ཡར་གནས་སྤོར་བྱེད་མཁན་བོད་པ་༡༢༠༠་ཙམ་བྱུང་ཡོད་པ་དེ་དག་གི་གྲས་ཀྱི་བོད་པ་༨༠༠་ཙམ་ཞིག་མཚོ་ཁའི་གྲོང་རྡལ་ཌི་ཝ་ཡི་ཟེར་པ་དེར་གནས་སྡོད་བྱེད་ཀྱི་ཡོད་པས། བོད་པ་ཚོས་ཡུལ་གྱི་ལམ་ལུགས་དང་གོམས་གཤིས་སོགས་སྦྱང་བརྩོན་བྱེད་ཀྱི་ཡོད་པ་མ་ཟད། ད་ལྟ་གནས་ཡུལ་རྒྱ་མཚོའི་ཉེ་འགྲམ་ཡིན་པའི་ཆ་ནས་བོད་པ་དེ་དག་གིས་ཆུ་རྐྱལ་ཤེས་པ་དགོས་པའང་ཧ་ཅང་གལ་ཆེ་ཞིག་ལ་གྱུར་ཡོད་པ་རེད།

XS
SM
MD
LG