ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་ལོ་༢༠༡༠ལོར་རྔ་བ་ཁུལ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོའི་ས་གནས་སྲིད་གཞུང་གིས་ཐང་སྐོར་རུ་ཁག་གཉིས་པའི་འབྲོག་པ་ཁྱིམ་ཚང་༢༠ཐམ་པའི་ནས་སྡོད་ཁྱིམ་དང་རྩྭ་ས་བཙན་འཕྲོག་བྱས་ཏེ་གཞུང་བཞེས་བཏང་བ་དང་། འདས་པའི་ལོ་ངོ་ཁ་ཤས་ཀྱི་རིང་འབྲོག་པ་ཚོས་ས་གནས་སྲིད་གཞུང་ལ་སྡོད་ཁྱིམ་ཕྱིར་སྤྲོད་དགོས་པའི་དགོས་མདུན་བཏོན་ཡང་ཁ་ཡ་བྱེད་མཁན་བྱུང་མེད་པ་མ་ཟད། ད་དུང་མུ་མཐུད་ནས་ཞུ་བཏུགས་བྱེད་པ་ཡིན་ན་འཛིན་བཟུང་བྱ་རྒྱུའི་ཉེན་སྤྲད་འདུག ད་ལྟ་འབྲོག་པ་ཚོས་དོན་ཚན་གསུམ་ཅན་གྱི་ཞུ་བཏུགས་ཡི་གེ་ཞིག་རྫོང་སྲིད་གཞུང་ལ་བཏང་ཡོད་པ་རེད།

XS
SM
MD
LG