ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཞོགས་ལྗང་ལགས་བསྐྱར་དུ་འཛིན་བཟུང་བྱས་འདུག


སྤྱི་ཟླ་༣་པའི་ཚེས་༡༩་ཉིན་ཞོགས་ལྗང་དང་ཁོང་གི་ནང་ཚང་གི་མག་པ་རེབ་གོང་ཕྱོགས་སུ་སྐྱོད་སྐབས་གློ་བུར་དུ་ས་གནས་ཉེན་རྟོག་པས་ལག་ཐོགས་ཁ་པར་བཙན་འཕྲོག་བྱས་ཏེ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག དེའི་རྗེས་མག་པ་གློད་གྲོལ་བཏང་ཡོད་ཀྱང་ཞོགས་ལྗང་ཉིན་ཤས་རྗེས་གློད་གྲོལ་གཏོང་གི་རེད་ཅེས་བརྗོད་ཡོད་ཀྱང་ད་བར་གནས་སྟངས་ཤེས་རྟོགས་གང་ཡང་མེད་པར་ལུས་ཡོད། ཐེངས་འདིར་ཞོགས་ལྗང་ལགས་འཛིན་བཟུང་བྱེད་དོན་དོགས་གཞི་བྱེད་པ་ཁ་གསལ་མེད་ཀྱང་། འབྲེལ་ཡོད་མི་སྣ་ཚོས་བརྗོད་ན་ཞོགས་ལྗང་གིས་སྤྱི་ཟླ་གསུམ་པའི་ཚེས་༡༦ཉིན་ལ། མདོ་སྨད་རེབ་གོང་གི་སྐོར་མཐོང་ཐོས་ཤིག་ཟིན་ཐོར་བཀོད་ཡོད་འདུག་པ་དེའི་རྐྱེན་བཟུང་འཛིན་བཟུང་བྱེད་པའི་སྐོར་ལ་གྲོགས་པོ་ཧ་ཅང་མང་པོ་ཞིག་གིས་༼ཁོང་ལ་ནག་ཉེས་གང་ཡང་མེད་པས་གློད་གྲོལ་གཏོང་དགོས་༽ཞེས་འབོད་སྐུལ་གྱི་རྩོམ་ཡིག་མང་པོ་སྤེལ་ཡོད། ད་རེས་ཞོགས་ལྗང་ལགས་འཛིན་བཟུང་བྱེད་ཐེངས་གཉིས་པ་དེ་ཡིན། སྤྱི་ལོ་༢༠༠༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་དངོས་སུ་སློབ་གྲྭའི་ཐང་ཆེན་དུ་འཛོམས་ཏེ།༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཞེས་པའི་འཕྲེད་དར་བསྒྲངས་ཏེ་ཞི་རྒོལ་གཞི་རྒྱ་ཆེ་བ་ཞིག་བྱས་པ་དེའི་མགོ་ཁྲིད་མཁན་དང་མི་རིགས་ཁ་བྲལ་གྱི་བསམ་བློ་བཅངས་ཏེ་རྩོམ་ཡིག་སྤེལ་བའི་ཉེས་མིང་འོག་ སྤྱི་ལོ་༢༠༡༠ལོར་རྩོམ་པ་པོ་ཐེའུ་རང་དང་ཞོགས་ལྗང་གཉིས་སློབ་གྲྭ་ནས་འཛིན་བཟུང་བྱས་ཡོད། ཐེའུ་རང་ནི་ཕ་ཡུལ་སི་ཁྲོན་ཞིང་ཆེན་ཁོངས་སུ་ཡོད་པས་སི་ཁྲོན་ཕྱོགས་ཀྱི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཏེ་ལོ་ངོ་བཞི་རིངབཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཞོགས་ལྗང་ལགས་ལན་གྲུའུ་ཕྱོགས་ཀྱི་ཉེན་རྟོག་པས་བཀག་ཉར་བྱས་ཏེ་ཟླ་བ་གཅིག་ལྷག་ལ་འདྲི་བརྩད་རབ་དང་རིམ་པ་བྱས་ཏེ་དེ་མཐར་གློད་གྲོལ་བཏང་ཡོད་ཀྱང་། ཁོ་མུ་མཐུད་ནས་སློབ་གྲྭ་ཆེན་མོ་ནས་སློབ་གཉེར་བྱ་རྒྱུ་བཀག་སྡོམ་བྱས་ཏེ་མཐར་ཕྱིན་ཡིག་རྒྱུགས་ལ་མཉམ་ཞུགས་བྱེད་དུ་བཅུག་མེད་པ་རེད། ཞོགས་ལྗངས་ལགས་ཀྱི་དངོས་མིང་ལ་འབྲུག་ལོ་ཞེས་འབོད་བཞིན་ཡོད་ལ་ཞོགས་ལྗང་ནི་ཁོང་གི་སྨྱུག་མིང་ཡིན། ཁོང་ནི་མདོ་སྨད་བླ་བྲང་ཕྱོགས་ཀྱི་རྒན་གྱའི་ཡུལ་ཚོ་ནས་ཡིན་ཀྱང་། ཞོགས་ལྗང་ལགས་ཀྱིས་ད་བར་རྩོམ་ཡིག་དང་ཟིན་ཐོ་ཧ་ཅང་མང་པོ་སྤེལ་ཡོད་ལ། ཡང་ཞོགས་ལྗང་ལགས་ནི་བོད་མིའི་དཀའ་སྡུག་གི་གནས་བབ་ཁོ་ན་བརྗོད་གཞི་བྱེད་མཁན་གྱི་རྩོམ་པ་པོ་ཙམ་ཞིག་མ་ཡིན་པར། འགྲོ་བ་མི་སྤྱི་ཡོངས་ཀྱི་འདྲ་མཉམ་དང་རང་དབང་། ཁྲིམས་ལུགས་བཅས་ལ་ཐད་ལ་རྩོམ་ཡིག་མང་དུ་སྤེལ་མཁན་ཞིག་ཡིན།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG