ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་དྲིལ་བསྒྲགས་ཀྱི་བསྟི་གནས་སུ་བསྒྱུར་འཆར་ཡོད་པ།


རྒྱ་ནག་གིས་བོད་ཀྱི་དགོན་སྡེ་ཁག་ཡུལ་དེའི་དམར་ཤོག་ཚོགས་པའི་དྲིལ་བསྒྲཌ་ཀྱི་བསྟི་གནས་སུ་བསྒྱུར་འདོད་བྱེད་ཀྱི་ཡོད་འདུག དེ་ཡང་ བོད་ནང་གི་རྒྱ་ནག་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ གྲེན་ཆོན་ཁོ་ཡིས་དམར་ཤོག་ཚོགས་པའི་དུས་དེབ་བདེན་པ་འཚོལ་བ་ཟེར་བའི་ནང་དགོན་སྡེ་ཁག་གི་དགེ་འདུན་པ་ཚོས་ཚན་རིག་སྦྱང་བརྩོན་བྱེད་དགོས་པ་དང་། རྒྱ་ནག་གི་དམར་ཤོག་ཚོགས་པར་དགའ་མོས་བྱེད་དགོས་པའི་འབོད་བསྐུལ་བྱས་ཡོད་ཐོག དགོན་སྡེ་ཁག་གི་ནང་རླུང་འཕྲིན་དང་བརྙན་འཕྲིན། གསར་ཤོག་སོཌ་ཀྱི་ཆ་རྐྱེན་མཁོ་སྤྲོད་བྱས་ཏེ་དགེ་འདུན་པ་ཚོར་དེང་དུས་ཀྱི་ཤེས་ཡོན་སློབ་གསོ་མཁོ་སྤྲོད་བྱ་རྒྱུ་ཡིན་ལུཌ་བཤད་ཡོད་པ་དང་། བོད་གནས་ཉམས་ཞིབ་པ་སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལཌ་ཀྱིས་ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་ལ་གསུངས་གསལ་ལ། རྒྱ་ནག་གི་གསལ་བསྒྲཌ་དེ་ནི་གནས་ཚུལ་གསར་པ་ཞིག་གང་ཡང་མིན་པ་དང་། རྒྱ་ནག་གིས་བོད་ཀྱི་སྲོལ་རྒྱུན་གྱི་བསླབ་པ་སློབ་གཉེར་བྱེད་སྟངས་དེ་མེད་པ་བཟོ་རྒྱུར་དམིགས་པ་ཞིག་ཡིན་པ་དང་ བོད་ནང་གི་རྒྱ་མིའི་འགོ་འཁྲིད་གྲེན་གྱིས་དེ་འདྲའི་གཏམ་བཤད་གཅིག་ད་ནས་ལོ་གཉིས་ཙམ་གྱི་སྔོན་དུ་བྱས་ཡོད་འདུག

XS
SM
MD
LG