ངོ་འཕྲད་བདེ་བའི་དྲ་འབྲེལ།

མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པས་ཕྱི་ཟླ་གསུམ་པའི་ཚེས་༢༩ ཉིན་དགའ་ལྡན་ཕོ་བྲང་གི་རྟ་མགྲིན་ཁང་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ལ་ཕེབས་ཀྱི་ཡོད་པ་དང་སྟབས་ཏེ་བསྟུན་སྐུ་ཚེ་ཞབས་པད་བརྟན་པའི་ཆེད་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་ བརྟན་བཞུགས་སྐབས་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་པའི་མཁན་པོ་གུ་རུ་རིན་པོ་ཆེ་མཆོག་གིས་རྒྱལ་མཆོག་གི་སྐུ་ཕྲེང་རིམ་པ་ཞིག་མོན་ཡུལ་དུ་ཕེབས་པར་བཀའ་དྲིན་རྗེས་དྲན་དང་༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུའི་ཞལ་བཞེས་ཡོང་བ་ཞུ་ཞེས་གསོལ་འདེབས་པའི་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བའི་སྐོར་ང་ཚོའི་་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG