ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕོ་མོའི་དབྱེ་འབྱེད་ཀྱི་དཀའ་རྙོག་འཕྲད་ཡོད་པར་གཤེར་དཔང་ཚོས་ངོས་ལེན་བྱས་མེད་པ།


ཨ་མེ་རི་ཀའི་མངའ་སྡེ་ ཀ་ལེ་ཕོ་ནི་ཡའི་ནང་རྟེན་གཞི་བྱས་པའི་མ་ འཛུགས་ཁེ་གཉེར་ལས་དོན་ཁང་གྲགས་ཆེ་བ་ཞིག་གིས། ཚོང་རོགས་གཞོན་པ་ ཞིག བེུད་ཡིན་པའི་ཆ་ནས། ཁོང་ལ་སྣང་ཆུང་ཁྱད་གསོད་ཀྱི་དཀའ་ངལ་ དུ་མ་ཞིག་འཕྲད་ཡོད་ལུགས་གྱོད་འཛུགས་བྱས་པའི་གནད་དོན་གྱི་ཐད། ཟླ་བ་ གཅིག་ཙམ་གྱི་རིང་ཁྲིམས་གཤེར་དོ་ནན་བྱས་པའི་མཐར། གཤེར་དཔང་ཚོགས་ཆུང་ཞིག་གིས། དེ་ལྟའི་ཁོང་ལ་ཕོ་མོའི་དབྱེ་འབྱེད་ཀྱི་དཀའ་རྙོག་འཕྲད་པའི་གནས་ཚུལ་གང་ཡང་རྙེད་མེད་པའི་ཐག་གཅོད་བྱས་ཡོད་པར་མ་ལྟོས་པར། མངའ་སྡེ་ ཀ་ལེ་ཕོ་ནི་ཡའི་ནང་གི་ཁེ་གཉེར་བཟོ་ཚོང་ལས་ཁང་ཆེ་ཁག་རྣམས་ཀྱིས། བེུད་རྣམས་ལ་ལྟ་སྟངས་གང་འདྲ་ཡོད་མེད་ཀྱི་སྐོར་བགྲོ་གླེང་རྒྱ་ཆེ་བྱེད་པའི་དོན་རྐྱེན་ཞིག་བསླངས་ཡོད་པ་རེད།

XS
SM
MD
LG