ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཇོའན་བྷཛ་དང་ཨ་འི་ཝེ་ཝེ་ལ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ།


Joan Baez and Bob Dylan perform at the Newport Jazz Festival in Newport, Rhode Island, in 1963
Joan Baez and Bob Dylan perform at the Newport Jazz Festival in Newport, Rhode Island, in 1963

༄༅།། ། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་(Ambassador of Conscience Award)ཞེས་པ། འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་མཐོ་ཤོས་དེ། འདི་ལོ། ཨ་མི་རི་ཀའི་དམངས་ཁྲོད་ཀྱི་གླུ་གཞས་མཁས་པ་གྲགས་ཅན་ཇོའན་ བྷཛ་དང་། རྒྱ་ནག་གི་སྒྱུ་རྩལ་བ་སྙན་གྲགས་ཅན་ཨཱ་ཡི་ ཝེ་ཝེ་རྣམ་པ་གཉིས་མཐུན་མོང་ལ་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས། གཟའ་མིག་དམར་ཉིན་གསལ་བསྒྲགས་བྱས་ཡོད་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས། རྣམ་དཔྱོད་མཚོན་པའི་གཟེངས་རྟགས་ཞེས་པ་དེ་ནི། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་གི་ཐད་བྱས་རྗེས་ཆེ་བའི་མི་སྣ་ཁག་ལ་འབུལ་བའི་གཟེངས་རྟགས་ཀྱི་ནང་ནས་མཐོ་ཤོས་དེ་ཡིན་ཞིང་། གཟེངས་རྟགས་དེ་ནི། རང་གི་མི་ཚེ་དང་ལས་ཀའི་ཐོག་ནས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་འཐབ་རྩོད་ཀྱི་ལས་འགུལ་ནང་། སྣེ་ཁྲིད་ཀྱི་འགན་འཁུར་ཡང་དག་པ་བླངས་པའི་བྱས་རྗེས་ཅན་གྱི་མི་སྣ་ཁག་ལ་ངོས་འཛིན་དང་ཆེ་བསྟོད་ཞུ་བའི་ཆེད་དུ་འབུལ་གྱི་ཡོད་པ་རེད། ཨ་མི་རི་ཀའི་གཞས་མ་ཇོའན་ བྷཛ་ཡིས། འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་གི་རིང་། ཨ་མི་རི་ཀའི་ནང་སྤྱི་འབངས་ཀྱི་ཐོབ་ཐང་དོན་དུ་ཞི་བའི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་བ་དང་། རྒྱ་རིགས་སྐུ་ཞབས་ཨཱ་ཡི་ ཝེ་ཝེ་ཡིས་རྒྱ་ནག་གཞུང་གི་བཙན་གནོན་ལ་མ་འཛེམས་པར། གཏམ་བརྗོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་འཐབ་རྩོད་ཞུམ་པ་མེད་པར་བྱེད་བཞིན་པ་བཅས་ལ་ངོས་འཛིན་ཞུ་བའི་ཆེད་དུ་འདི་ལོའི་གཟེངས་རྟགས་ཁོང་གཉིས་ལ་འབུལ་རྒྱུའི་ཐག་གཅོད་བྱས་པ་ཡིན་ལུགས། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་བྱས་ཡོད་འདུག

XS
SM
MD
LG