ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དང་ཉེ་ཧོང་གཉིས་དབར་བདེ་འཇགས་དང་འབྲེལ་བའི་གྲོས་མོལ་བྱས་ཡོད་པ་།


གཟའ་འཁོར་འདིའི་རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་དང་ཉེ་ཧོང་གཉིས་ཀྱི་གཞུང་འབྲེལ་དཔོན་རིགས་ཀྱིས་བདེ་འཇགས་དང་འབྲེལ་བའི་གནད་དོན་ཐད་གྲོས་མོལ་གནང་བ་དེ་ནི་འདས་པའི་ལོ་ངོ་བཞིའི་རིང་ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་གྲོས་མོལ་གནང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཡུལ་གྲུ་གཉིས་དབར་འབྲེལ་ལམ་བསྐྱར་གསོ་ཐུབ་པ་འདི་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་ཡིན་ཞེས་ ཕྱོགས་གཉིས་ཀྱི་དཔོན་རིགས་དབར་གྲོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག གཟའ་འཁོར་འདིའི་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་དང་། ཉེ་ཧོང་ དེ་བཞིན་ ལྷོ་ཀོ་རི་ཡ་གསུམ་གྲོས་མོལ་ཚོགས་འདུ་མ་བྱས་གོང་རྒྱ་ནག་དང་ཉེ་ཧོང་གཉིས་དབར་གོང་ཞུས་གྲོས་མོལ་དེ་བྱུང་བ་ཞིག་ཡིན་པ་རེད། རྒྱ་ནག་དང་ཉེ་ཧོང་དབར་གྲོས་མོལ་ཐེངས་སྔ་མ་དེ་༢༠༡༡ ལོར་བྱུང་ཡོད་པ་དང་། དེའི་རྗེས་ ཤར་རྒྱ་ནག་རྒྱ་མཚོའི་མཚོ་གླིང་བདག་དབང་གི་དོན་རྐྱེན་དེ་བྱུང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་ཇེ་སྡུག་དུ་ཕྱིན་ཡོད་པ་རེད། དེ་ཙམ་མ་ཟད། ཉེ་ཧོང་གཞུང་གིས་ དེ་སྔོན་དམག་ཆེན་གཉིས་པའི་སྐབས་བཙན་འཛུལ་དང་གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ་ཁག་ལ་འགྱོད་པ་བྱེད་ཀྱི་མེད་ལུགས་ རྒྱ་གཞུང་གིས་ཉེ་ཧོང་ལ་སྐྱོན་བརྗོད་བྱེད་བཞིན་ཡོད།

XS
SM
MD
LG