ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ཐེ་ཝན་གྱི་སྲིད་བློན་ལ། ༧གོང་ས་མཆོག་ཐེ་ཝན་ནང་ཕེབས་རྒྱུའི་ཐོངས་མཆན་ཡིག་ཆ་འབུལ་མིན་འདྲི་བ་བཏང་སྐབས། ཐེ་ཝན་སྲིད་བློན་གྱིས་དེ་ནི་ཐེ་ཝན་མི་མང་གི་ཁེ་ཕན་གཞི་རྩར་བཞག་སྟེ་གནད་དོན་ཐག་གཅོད་བྱ་དགོས་པ་ཞིག་རེད་ཅེས་ལན་བཏབ་ཡོད་འདུག ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ཆར་ཐེ་ཝན་ནང་གི་ནང་བའི་ཆོས་ཚོགས་དང་རིག་གཞུང་ཐེབས་རྩ་ཁང་། སློབ་གྲྭ་ཁག་བཅས་ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལཱར་ཆེད་བསྐྱོད་ཀྱིས་༧གོང་ས་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་བཀའ་དྲིན་ཆེ་གནང་ཡོང་བའི་ཇི་ལྟར་གསོལ་བ་ལྟར། ༧གོང་ས་མཆོག་གིས་ཀྱང་ཐེ་ཝན་ལ་ཕེབས་འདུན་ཡོད་ཅེས་བཀའ་ལན་གནང་བ་ཐེ་ཝན་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་ཡོད་པ་མ་ཟད། གྲོས་ཚོགས་ནང་དུ་ཐེ་ཝན་གཞུང་ལ་ཐོངས་མཆན་སྤྲོད་དགོས་པའི་འབོད་སྐུལ་ཞུ་མཁན་བྱུང་ཡོད་འདུག་ལ། ཡང་ཐེ་ཝན་གྲོས་ཚོགས་འཐུས་མི་ཚོས་༧གོང་ས་མཆོག་ཐེ་ཝན་གདན་འདྲེན་ཞུ་ཐུབ་པ་ཡིན་ན་དེ་ནི་ཐེ་ཝན་གྱིས་འགྲོ་བ་མིའི་ཐོབ་དང་རང་དབང་བཅས་ལ་མཐོང་ཆེན་བྱེད་བཞིན་པ་མཚོན་གི་ཡོད་པར་བརྗོད་འདུག