ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

སྲིད་སྐྱོང་གིས་༧གོང་ས་མཆོག་གི་ཡང་སྲིད་བོད་མི་རང་གིས་ངོས་འཛིན་ཞུ་རྒྱུ་རེད་ཅེས་གསུངས་པ།


བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་དེ་ཆོས་དུག་ལ་ངོས་འཛིན་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པས་ཐེ་གཏོགས་བྱེད་པའི་གནད་དོན་ཞིག་མ་རེད་ཅེས་གསུངས་འདུག དེ་ཡང་རེས་གཟའ་སྤེན་པའི་ཉིན་ཕྷི་རན་སིའི་རྒྱལ་ས་པེ་རིས་ནང་ཡོ་རོབ་བོད་ལ་ཕྱོགས་པ་ཞེས་པའི་ཞི་བའི་རྔན་སྟོན་ཚོགས་འཛོམས་ཐོག་གསུང་བཤད་གནང་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཉེ་དུས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངེས་པར་དུ་ཕེབས་དགོས་པ་དང་། དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པས་སྲོལ་རྒྱུན་འགྲོ་ལུགས་བཞིན་ཡང་སྲིད་འདེམས་སྒྲུག་བྱེད་ཀྱི་ཡིན་ཞེས་བཤད་པ་དེ་ནི་གོད་བྲོ་བའི་གཏམ་དང་། དཀྲོག་རྐྱེན་བཟོ་བའི་ཁུངས་ལུང་མེད་པའི་སྐད་ཆ་ཞིག་རེད་ཅེས་གསུངས་འདུག སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མུ་མཐུད་གསུངས་དོན་ལ་ རྒྱ་ནག་གི་དཔོན་རིགས་ཚོས་གསལ་པོ་ཤེས་དགོས་པ་དེ་ནི་ཡང་སྲིད་ཕེབས་པའི་དགོས་དོན་ནི་སྐུ་གོང་མའི་སྐུ་གསུང་ཐུགས་ཀྱི་མཛད་པ་མཇུག་འཁྱོངས་ཆེད་ཡང་སྲིད་ཕེབས་ཀྱི་ཡོད་པས་གལ་སྲིད་བོད་ཀྱི་གནད་དོན་དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་རིང་ཐག་གཅོད་མ་བྱུང་བ་ཡིན་ན་གང་ཉིད་ཀྱི་ཡང་སྲིད་དེ་ཡང་བཙན་བྱོལ་ནང་འཁྲུངས་རྒྱུ་ཡིན་པ་ཞལ་བཞེས་གསལ་པོ་གནང་ཡོད་ཅེས་གསུངས་འདུག

XS
SM
MD
LG