ངོ་འཕྲད་བདེ་བའི་དྲ་འབྲེལ།

༢༠༡༥་འདི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་༧༠་ཐམ་པ་འཁོར་པའི་དུས་དྲན་ཡིན་པ་དང་། གཟའ་འཁོར་འདིར་རྒྱ་ནག་གི་འགོ་ཁྲིད་ཚོས་ལོ་འདིའི་སྟོན་མཇུག་ཏུ་རྒྱ་ནག་ལ་དམག་གི་རུ་སྒྲིག་འཚོགས་ནས་འཛམ་གླིང་དམག་ཆེན་གཉིས་པའི་བཙན་འཛུལ་མྱོང་བའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་རྒྱ་ནག་ལ་མགྲོན་འབོད་བྱ་རྒྱུ་དང་། རྒྱ་ནག་ལ་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་པའི་དུས་དྲན་མཛད་སྒོ་ཆེན་པོ་ཞིག་ཚུགས་རྒྱུ་ཡིན་ཞེས་བཤད་དེ། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་ཡང་དམག་གི་རུ་སྒྲིག་དེར་མཉམ་ཞུགས་བྱས་ན་དགའ་བསུ་ཡོད་ཅེས་མགྲོན་འབོད་བྱས་རུང་། ཐེ་ཝན་གཞུང་གིས་རྒྱ་ནག་གི་མགྲོན་འབོད་དེར་དང་ལེན་བྱས་མེད་པ་དང་། ཐེ་ཝན་པ་ཚོས་དེང་རབས་ཀྱི་ཉི་ཧོང་རྒྱལ་ཁབ་དེ་མིག་དཔེར་བལྟ་འོས་པ་དང་རྒྱ་ནག་གི་པེ་ཅིང་སྲིད་གཞུང་གཏན་ནས་ཡིད་ཆེས་བྱ་མི་ཉན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG