ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་སྲིད་བློན་ཟུར་པ་ཁྲིམས་ཁང་ལ་བཀའ་འགུགས་གནང་ཡོད་པ།


རྒྱ་གར་གྱི་ཁྲིམས་ཁང་ཞིག་གིས་རེས་གཟའ་ལྷག་པའི་ཉིན། ཕྱི་ལོ་༢༠༠༥ ལོའི་ནང་རྡོ་སོལ་སྔོག་འདོན་བྱ་རྒྱུའི་ཁེ་དབང་སྤྲོད་ཕྱོགས་སུ་ཁྲིམས་མཐུན་བྱུང་མེད་པའི་ཉེས་འཛུགས་ཀྱི་གནད་དོན་དང་འབྲེལ་ཏེ། སྲིད་བློན་ཟུར་པ་ མྭན་མོ་ཧན་སིང་མཆོག་ཁྲིམས་ཁང་ལ་འབོད་་དགུགས་བྱས་ཡོད་པ་རེད། ལོ་ངོ་གསུམ་གྱི་གོང་དུ། རྒྱ་གར་་གཞུང་གི་རྩིས་ཞིབ་པས། རྡོ་སོལ་ལས་དོན་ ལྷན་ཁང་གིས། རིན་གོང་ཧ་ཅང་གི་དམའ་བོའི་ཐོག་ནས། རྡོ་སོལ་གྱི་གཏེར་ཁ་ ཉིས་བརྒྱ་སྐོར་ཞིག་སྒེར་གྱི་ངར་ལྕགས་དང་། ཨར་འདམ། གློག་གི་བཟོ་ཚོང་ ལས་ཁང་བཅས་ལ་ཚོང་བསྒྱུར་བྱས་ཡོད་པའི་ཉེས་འཛུགས་དང་འབྲེལ། ཕྱི་ གསལ་ནང་གསལ་མེད་པའི་བརྒྱུད་རིམ་དེ་དག་གིས། རྒྱ་གར་གཞུང་ལ་ཨ་སྒོར་ ཐེར་འབུམ་༣༠གྱོང་རྒུན་བྱུང་ཡོད་པའི་གྱོད་འཛུགས་བྱས་ཡོད་པ་ལྟར། སྔ་ལོར། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས། རྡོ་སོལ་གྱི་གཏེར་ཁ་ཚོང་བསྒྱུར་བྱེད་ པའི་བརྒྱུད་རིམ་དེས། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགལ་འཛོལ་བྱས་ཡོད་ པའི་ཁྲིམས་བཅད་བཏང་སྟེ། གཏེར་ཁ་སྔོག་འདོན་བྱེད་འཐུས་ཆོག་པའི་ཆོག་ མཆན་སྤྲད་པ་ཕལ་ཆེ་བ་ཕྱིར་བསྡུ་བྱས་ཡོད་པ་རེད། སྲིད་བློན་ཟུར་པ་སིང་མཆོག་གིས། རེས་གཟའ་ལྷག་པའི་ཉིན་གསར་འགོད་པ་ རྣམས་ལ་གཏམ་བཤད་གནང་པའི་སྐབས་སུ། བདེན་པའི་མཐའ་གསལ་རྒྱུ་ཡིན་ པ་ཡིད་ཆེས་བྱས་ཏེ། རང་ངོས་ནས་ཞུ་གཏུགས་ཁག་བྱ་རྒྱུར་གྲ་སྒྲིག་ཨང་གསར་ ཡིན་ཞེས་གསུངས་ཡོད་འདུག

XS
SM
MD
LG