ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༥/༢༡

ཚོགས་ཁག་ལྔས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ།


བོད་ཟླ་༡་ཚེས་༡༤་ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་ལྷོ་ཁ་ཁུལ་གྱི་གཞིས་བྱེས་མི་མང་ཡོངས་དང་སྦེལ་ལྗམ་བོད་རིགས་ཚོགས་པ། བཞུགས་སྒར་བོད་པ་སྐྱབས་བཅོལ་བའི་ཚོང་པའི་བདེ་དོན་སྒྲིག་འཛུགས་དང་ཆོལ་གསུམ་ཆིག་སྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག་བཅས་ཐུན་མོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཕུལ་བ་དང་། སྐབས་དེར་༧གོང་ས་མཆོག་གིས་དད་པ་དང་དམ་ཚིག དགའ་ཞེན་བཅས་པ་གཡོ་བ་མེད་པར་བརྟན་བཞུགས་ཕུལ་བར་ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG