ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་བཅུ་སྤར་འཆར།


ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དམག་དོན་འགྲོ་གྲོན་ལོ་ལྟར་གྲངས་གནས་གཉིས་རེ་སྤར་གྱི་ཡོད་པ་དང་། ཕྱི་ལོ་༢༠༡༥་ལོར་རྒྱ་ནག་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་བཅུ་སྤར་འཆར་ཡོད་པ་མ་ཟད། ན་ནིང་རྒྱ་ནག་གི་དམག་དོན་འགྲོ་གྲོན་བརྒྱ་ཆ་༡༢་དང་གྲངས་ཆུང་༢་སྤར་ཡོད་ཅིང་། རྒྱ་ནག་གི་དམག་དོན་འགྲོ་གྲོན་ལོ་རེ་བཞིན་འཕར་གྱི་ཡོད་པ་དེར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་བློ་འཚབ་བྱ་དགོས་པ་ཞིག་ལ་གྱུར་རུང་། ཨ་མི་རི་ཀའི་དམག་དོན་འགྲོ་གྲོན་ལ་བསྡུར་ན་རྒྱ་ནག་གི་དམག་དོན་འགྲོ་གྲོན་ཧ་ཅང་གི་ཆེན་པོ་ཞིག་མིན་པ་དང་། སྲིད་འཛིན་ཨོ་བྷ་མས་ཨ་རིའི་གྲོས་ཚོགས་ལ་༢༠༡༦་གི་དམག་དོན་འགྲོ་གྲོན་ཨ་སྒོར་ཁྲག་ཁྲིག་༥་དང་འཐེར་འབུམ་ཆེན་མོ་༨་དང་ཕྱེད་ཀ་ཆོག་མཆན་ཞུ་ཡོད་པས། ཨ་མི་རི་ཀའི་ལོ་རེའི་དམག་དོན་འགྲོ་གྲོན་དེ་རྒྱ་ནག་གི་ལོ་རེའི་དམག་དོན་འགྲོ་གྲོན་ལས་ལྡབ་བཞི་ལྷག་མང་བ་ཡོད་པ་དང་། ༢༠༡༤་ལོར་རྒྱ་ནག་གིས་དམག་དོན་ཆེད་དུ་ཨ་སྒོར་ཁྲག་ཁྲིག་གཅིག་དང་འཐེར་འབུམ་ཆེན་མོ་གསུམ་འགྲོ་གྲོན་བཏང་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG