ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་རྒྱལ་ཚོགས་བདེ་འཇགས་ལས་ཁང་གི་གཏན་འཇགས་ཚོགས་མིའི་གྲས་སུ་ཚུད་རྒྱུའི་རེ།


མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་རྒྱ་གར་གཞུང་གི་སྐུ་ཚབ་པས། ད་ལན་རེས་གཟའ་ཟླ་བའི་ཉིན་ མཉམ་འབྲེལ་རྒྱལ་ཚོགས་སུ་གཏམ་བཤད་གནང་དེང་སྐབས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ལ་བཅོས་འགྱུར་ཞིག་ངེས་པར་དུ་དགོས་ཀྱི་འདུག་ཅེས་གསུངས་པ་དང་ཆབས་ཅིག ད་ཡོད་བདེ་འཇགས་ལས་ཁང་གི་གཏན་འཇགས་ཚོགས་མི་རྒྱལ་ཁབ་ཁག་ནི་དེ་སྔ་དམག་ཆེན་སྐབས་སུ་རྩ་འཛུགས་བྱས་པ་ཞིག་ཡིན་པར་བརྟེན། དེང་དུས་དམངས་གཙོའི་ལམ་ལུགས་དང་སྤྱི་ཡོངས་ཀྱི་དགོས་མཁོ་ཁག་སྒྲུབ་ཐུབ་ཀྱི་མི་འདུག་ཅེས་གསུངས་འདུག བདེ་འཇགས་ལྷན་ཁང་གི་གཏན་འཇགས་ཚོགས་ཁོངས་རྒྱལ་ཁབ་ཚོས་རྒྱ་གར་མཉམ་ཞུགས་ཡོང་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར། རྒྱ་གར་ལ་ཡང་གཏན་འཇགས་ཚོགས་ཁོངས་ཀྱི་གྲས་སུ་ཚུད་རྒྱུའི་ཆ་རྐྱེན་ཆ་ཚང་ ཡོད་པ་བཅས་ཀྱི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG